སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནོར་གནག་ཐོན་ལས་མནའ་འབྲེལ་གྱི་མཚོ་ལྷོ་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན།
རྩོམ་པ་པོ། བུའུ་དྲན་ཡོན། བསམ་ནོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-6 10:46:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།


མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་མནའ་འབྲེལ་གྱི་མཚོ་ལྷོ་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་
སྐབས་ཐོག་མའི་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ།

     སྤྱི་ཟླ7པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་མནའ་འབྲེལ་གྱི་མཚོ་ལྷོ་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་སྐབས་ཐོག་མའི་ནོར་གནག་རིག་གནས་ཡུལ་སྐོར་དུས་ཆེན་འགོ་རྩོམ་མཛད་སྒོ་ཀོས་ནན་རྫོང་ཐར་ཤུལ་རྩྭ་ཐང་དུ་གཟབ་རྒྱས་ངང་ཚོགས་པ་དང་།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད།ཚོགས་ཆེན་འགོ་བརྩམས་པ་ཁྱབ་སྒྲོག་བྱས།


མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་མཛད་སྒོ་འགོ་ཚུགས་པ་ཁྱབ་སྒྲོག་བྱས།

     འགོ་རྩོམ་མཛད་སྒོའི་སྟེང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོངས་གཏོགས་ཀྱི་རྫོང་ཁག་ལྔའི་འཐུས་ཚབ་པས་སོ་སོར་མཚོ་སྔོན་ཞིང་ཆེན་ནོར་གནག་ཐོན་ལས་མནའ་འབྲེལ་གྱི་མཚོ་ལྷོ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ནས་གཏམ་བཤད་སྤེལ་བ་དང་།མཚོ་ལྷོ་ཁུལ་ཡོངས་ཀྱི་ནོར་གནག་དཔྱད་སྡུར་བྱ་འགུལ་ལ་ཞུགས་པའི་འབྲོག་ཁྱིམ་འཐུས་མི་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་མཛད་སྒོ་སྤེལ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་མཚོ་ལྷོ་ཁུལ་གྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་མདུན་ལྗོངས་སྐོར་ནས་ཤིས་ཚིག་ཕུལ།


རིག་རྩལ་འཁྲབ་སྟོན།

     བསོད་ནམས་དོན་འགྲུབ་ཀྱིས་ཤིས་ཚིག་ནང་བསྟན་དོན། མཚོ་ལྷོ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་ཞིང་ཕྱུགས་མཉམ་འདྲེས་ཀྱི་ས་ཁུལ་ཡིན་ལ། ཞིང་ཕྱུགས་ཐོན་ཁུངས་རིགས་སྣ་མང་ཞིང་།གྲངས་འབོར་ཆེ་བ།ཁྱབ་ཁོངས་ལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་པས།ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་པའི་ལྟེ་གནས་སུ་གྱུར་ཡོད།


མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཤིས་ཚིག་ཕུལ་བཞིན་པ།


ནོར་གནག་དཔྱད་སྡུར་བྱ་འགུལ་ལ་ཞུགས་པའི་འཐུས་མི་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱེད་བཞིན་པ།

     འགོ་རྩོམ་མཛད་སྒོ་མཇུག་རྫོགས་རྗེས། མཚོ་ལྷོ་ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པའི་ནོར་གནག་ཐོན་རྫས་གསར་སྤེལ་བགྲོ་གླེང་ཚོགས་འདུ་དང་མཚོ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་ནོར་གནག་སྐྱེ་ཁམས་ནུས་ལྡན་གསོ་སྤེལ་བགྲོ་གླེང་ཚོགས་འདུ་སྤེལ་བ་དང་། ཀན་སུའུ་དང་མཚོ་སྔོན་གྱི་འབྲེལ་ཡོད་ཆེད་ལས་མཁས་པ7ཆེད་དུ་གདན་ཞུ་བྱས་ཏེ། ནོར་གནག་ཐོན་རྫས་ལས་སྣོན་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་ནས་དཔྱད་བསྡུར་གཏིང་ཟབ་བྱས།


ནོར་གནག་ཐོན་རྫས་གསར་སྤེལ་ཆེད་མཁས་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...