སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་ལྔ་བའི་བྱེད་སྒོ་ཚྭ་ཁ་རུ་བསྐྱོད།
རྩོམ་པ་པོ། བསོད་རྡོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-12 9:19:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཉེ་ཆར། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་ལྔ་བའི་བྱེད་སྒོ་མཚོ་ནུབ་ཁུལ་གྱི་ཚྭ་ཁ་རུ་བསྐྱོད་ཅིང་། དབུས་ལམ་རྫོང་གི་ཚྭ་ཁའི་ལྗོངས་ཁུལ་གྱི་བྱེད་སྒོའི་རྣམ་གྲངས་ཡོད་ཚད་བདེ་བླག་ངང་ཡོངས་འགྲུབ་བྱས།
     རླངས་འཁོར་རུ་ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་དུ་འབྱོར་ཞིང་། རླངས་འཁོར་འགྲན་ཞུགས་ཁ་ལོ་བ་དང་ཁ་ལོ་བ་མིང་གྲགས་ཅན་རྣམས་ཀྱིས་ནམ་མཁའི་མེ་ལོང་དུ་འབོད་པའི་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་དུ་མཉམ་པར་བརྒྱབ་ཏེ་དྲན་རྟེན་འཇོག་བཞིན་ཡོད་ལ། འདིས་ཉིན་འདིའི་འགྲན་སྡུར་བྱེད་སྒོའི་རྣམ་གྲངས་ཡོད་ཚད་ཡོངས་འགྲུབ་བྱས་ཡོད་པ་མཚོན། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་ནི་ཐོག་མ་ཉིད་ནས་ལྗང་མདོག་གི་དོན་སྙིང་འདུས་པ་ཞིག་ཡིན་ཕྱིར། རླངས་འཁོར་གྱི་འཁོར་འགྲོས་ལ་མཚམས་མི་འཇོག་པར་མདུན་སྐྱོད་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཐོག་མའི་ཕུགས་འདུན་ཡང་ཐོག་མཐའ་བར་གསུམ་དུ་འགྱུར་མྱོང་མེད་པ་རེད།
     འགྲན་སྡུར་འགྲན་སྒྲུབ་ཀུང་ཟིའི་རྒྱུན་ལས་ལས་འཛིན་གཞོན་པ་ཀྲན་ཞའོ་ཏུང་གིས་བཤད་རྒྱུར། ངའི་བསམ་ན་ཤར་ཕྱོགས་ཀྱི་ནམ་མཁའི་མེ་ལོང་གི་མཚན་སྙན་གསོལ་ཡོད་པའི་ཚྭ་མཁའི་མཛེས་ལྗོངས་འདིར་ང་ཚོའི་གློག་རྐྱང་བ་བཀོལ་བའི་རླངས་འཁོར་དག་མཛེས་ལྗོངས་འདི་ནས་བྱ་འགུལ་སྤེལ་ན་རང་བྱུང་སྐྱེ་ཁམས་ལ་འཚམ་པ་ནི་ངོ་མའི་དོན་སྙིང་ལྡན་པ་ཞིག་རེད་ཟེར།
     རྒྱུས་ལོན་པ་ལྟར་ན། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་ལྔ་བར་སྡོམ་པའི་རྒྱལ་ནང་གིས་ཐོན་སྐྱེད་བྱས་པའི་གློག་སྒུལ་རླངས་འཁོར་རིགས་སྣ་10་འགྲན་སྡུར་ལ་ཞུགས་ཡོད། དུས་ཡུན་ཉིན་གསུམ་རིང་ལ། འགྲན་ཁུལ་བརྒྱད་ནས་འགོ་བརྩམས་ཤིང་། ལམ་ཐག་རིང་ཐུང་ལ་ལེ་དབར་སྤྱི་ལེ690ཡོད་སའི་བར་མཚམས་ནས་ཚད་ལེན་འགྲན་སྡུར་བྱས་ཤིང་། ལམ་བར་དུ། རི་མགོར་འགོས་པའི་ནུས་པ་དང་ཕྱི་ངོས་སྒྲིག་འགོད། མྱུར་དུ་གློག་གསོག་པའི་ནུས་པ། གློག་གྲོན་ཆུང་གི་ནུས་པ། ལྷིང་འཇགས་ཀྱི་ནུས་པ། ཚན་རྩལ་སྡེབ་སྒྲིག་དང་བསྟུད་མར་བགྲོད་ཐུབ་པའི་ནུས་པ་སོགས་ལ་ཚད་ལན་འགྲན་སྡུར་བྱས།
     ཁྲུས་ཧྥུན་རླངས་འཁོར་སློབ་གླིང་གི་ཁ་ལོ་བ་རོན་ལིན་གྱིས་བཤད་རྒྱུར། ང་ཚོས་རེ་བ་ལ་ང་ཚོའི་རང་སྟེང་ནས་གློག་སྒུལ་རླངས་འཁོར་ལ་ངེས་འཛིན་བྱས་ཡོད་པའི་རྒྱུན་ཤེས་ཀྱིས་རྒྱ་ཆེའི་གྲོགས་པོ་དང་མང་ཚོགས་ལ་ལྗང་མདོག་གི་འགྲུལ་བཞུད་ཀྱི་འཚོ་བ་རོལ་སྟངས་ཤིག་བརྒྱུད་སྒྲོག་བྱས་ནས། མི་སྔར་ལས་མང་པོ་ཞིག་གིས་གློག་སྒུལ་རླངས་འཁོར་བེད་སྤྱོད་བྱེད་པ་དང་ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར།
     པུས་ཡཱ་ཏཱི་རླངས་འཁོར་སྡེ་ཚོགས་ཀྱི་ལས་བཟོ་བ་སུའུ་རོས་ཀྱིས་བཤད་རྒྱུར།  སྟེགས་བུ་འདི་བརྒྱུད་དེ་ང་ཚོས་རླངས་འཁོར་འགྲུལ་བཞུད་པ་ཚོར་ཁོར་ཡུག་སྲུང་སྐྱོབ་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་གསར་བ་ཞིག་གི་མཁའ་དབུགས་བཞེངས་སྐྲུན་བྱེད་པ་དང་། རྗེས་ཕྱོགས་ཕྱིར་ཡུལ་ལ་སོང་ནས་བྱ་འགུལ་འདིའི་རྒྱུན་མུ་མཐུད་བསྐྱངས་ཏེ་དུས་རབས་གསར་བའི་ནང་འཕེལ་རྒྱས་གསར་བའི་བརྗོད་བྱ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།
     ཚེས27ཉིན། རླངས་འཁོར་རུ་ཁག་ཚྭ་ཁ་ལྗོངས་ཁུལ་ནས་ཐེམ་ཆེན་རྫོང་དུ་བསྐྱོད་ལ། འགྲན་ཁུལ་རྗེས་མའི་ཚད་ལེན་བྱ་འགུལ་སྤེལ། དབུས་ལམ་རྫོང་གིས་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་ལྔ་བའི་བྱེད་སྒོའི་རྣམ་གྲངས་ཡོད་ཚད་བདེ་བླག་ངང་ཡོངས་འགྲུབ་བྱས་པ་བརྒྱུད། ཧུར་ཐག་སྒོས་དབྱར་གྱི་མཛེས་ལྗོངས་དང་གནམ་ས་མཉམ་འདྲེས། ནམ་མཁའི་མེ་ལོང་བཅས་ཀྱི་ཁྱད་འཕགས་ལྗོངས་ཁུལ་བཞེངས་སྐྲུན་བྱས་ཤིང་། དབུས་ལམ་གྱི་མཚན་སྙན་མཐོ་རུ་བཏང་སྟེ། ས་བབ་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། མཚོ་ནུབ་ཀྱི་ཤར་སྒོ་ཆེན་མོའི་འཕོ་འགྱུར་གསར་བ་མངོན་མཚོན་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...