སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅོ་བརྒྱད་པ་ལྷ་སར་བསྡུས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-23 16:58:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ7བའི་ཚེས22ཉིན་ནས་ཚེས26ཉིན་བར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅོ་བརྒྱད་པ་དེ་ལྷ་སར་སྤེལ་ཞིང་། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ཞིང་ལྗོངས་ཀྱི་བོད་ཡིག་ཚགས་པར་ཁང་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་བྱད་ལས་ཁུངས41གི་འཐུས་ཚབ་པ70ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
     བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་མཛད་སྒོར་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སྟེ་སྤྱི་ཁྱབ་རྩོམ་སྒྲིག་པ་མིའུ་ཅཱ་ཞིང་དང། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ཏང་ཙུའི་ཚོགས་མི་སྟེ་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་གྲོས་ཚོགས་སུ་ཞུགས་ཏེ་ཤིས་ཚིག་ཕུལ་ལ། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང(སྒྲིག་སྒྱུར་ཅུའུ)གི་ཅུའུ་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་བརྡ་ཆད་གསར་བའི་བོད་ཡིག་ལོ་ཙཱའི་ཚད་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་རྒྱལ་གྱིས“ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ”སོགས་བརྡ་ཆད་གསར་བ1500ཉེ་བ་ཡོངས་བསྒྲགས་བརྡ་ཁྱབ་བཏང་བའི་གསལ་བཤད་གནང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡེ་ཤེས་རྒྱ་མཚོ་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྲོས་ཚོགས་སུ་ཞུགས།

     གྲོས་ཚོགས་ཀྱིས་བསྟན་དོན། ད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་འཁོར40ལོན་པའི་ལོ་ཡིན་པ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་བཙུགས་པའི་ལོ་འཁོར20ལོན་པའི་ལོའང་ཡིན། ལོ་ངོ20རིང་ལ། བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་ནི་པེ་ཅིང་གཏོགས་པའི་ཞིང་ལྗོངས5རུ་སྔ་གཞུག་སྐབས18ལ་སྤེལ་བ་དང་། མཐུན་སྦྱོར་ཚོགས་འདུའང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། གྲོས་ཚོགས་ཀྱི་མིང་ནས་ནང་དོན་ཐད་འགྱུར་བ་ཆེན་མོ་བྱུང་ཡོད། ཡིན་ཡང་། ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་ཅིང་། སྨྱན་བྱད་ཀྱི་ཉམས་མྱོང་བརྗེ་རེས་དང་ཕུལ་བྱུང་བརྩམས་ཆོས་ལེགས་འདེམས། བརྡ་ཆད་གསར་བ་བཤེར་འབེབས་བྱེད་པ་ནི་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུས་རྣམ་པ་ཀུན་ཏུ་འགྱུར་བ་མེད་པའི་བརྗོད་གཞི་ཡིན་པ་དང་། གྲོས་ཚོགས་ཀྱི་ནང་དོན་རྒྱ་ཆེ་ཞིང་དེང་རབས་ཀྱི་ཁ་དོག་ལྡན། སྒོས་སུ་བོད་ཡིག་བརྡ་ཆད་གསར་བའི་བཤེར་འབེབས་ནི་རྒྱལ་ཡོངས་སུ་ད་དུང་འབྲེལ་ཡོད་ཀྱི་དབང་གྲགས་ཆེད་ལས་ལས་ཁུངས་མེད་པའི་སྔོན། བོད་ཡིག་ཚགས་པར་ཚད་ལྡན་དང་ཡང་དག་པའི་སྒོ་ནས་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པར་ནུས་པ་ཆེན་མོ་ཐོན་ཡོད།
     རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་གིས་བསྟན་དོན། བོད་ཡིག་སྨྱན་བྱད་དྲིལ་སྒྲོག་བྱ་བ་ནི་གལ་ཆེ་ཞིང་དམིགས་བསལ་ཅན་ཡིན་ལ། ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་བོད་ཡིག་སྨྱན་བྱད་དྲིལ་སྒྲོག་བྱ་བའི་བླ་སྲོག་ཡིན། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་སོ་སོས་ཐེངས་འདིའི་གྲོས་ཚོགས་ཀྱི་གོ་སྐབས་དམ་འཛིན་སྒོས། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བོད་ཡིག་སྨྱན་བྱད་ཀྱི་དྲིལ་སྒྲོག་ནུས་ཤུགས་དང་སྣེ་ཁྲིད་ནུས་ཤུགས། ཤུགས་རྐྱེན་ཐེབས་ཤུགས་ཇེ་དྲག་ཏུ་བཏང་ཐོག བོད་ཡིག་སྨྱན་བྱད་ཀྱིས་ཏང་གི་ལམ་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་དང་། སྔོན་ཐོན་རིག་གནས་དྲིལ་སྒྲོག ཚན་རིག་ཤེས་བྱ་དྲིལ་སྒྲོག གླེང་ཕྱོགས་ཀྱི་གཡུལ་ས་སྲུང་བ། སྣེ་ཁྲིད་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ། བོད་ཁུལ་གྱི་འཕེལ་རྒྱས་གཏན་འཇགས་དང་སྐྱེ་ཁམས་འཛུགས་སྐྲུན་ཐད་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པར་ཞུ།
     གྲོས་ཚོགས་ཀྱི་སྐབས་སུ། འཐུས་མི་རྣམས་ལྷོ་ཁའི་གྲ་ནང་རྫོང་དུ་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་བྱེ་འགོག་བཅོས་སྐྱོང་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་བྱེ་འགོག་བཅོས་སྐྱོང་གྲུབ་འབྲས་དང་། བསམ་ཡས་གྲོང་རྡལ་གྱི་ཁྱད་ལྡན་གྲོང་ཆུང་འཛུགས་སྐྲུན་གནས་ཚུལ། གྲ་ཐང་གྲོང་རྡལ་ཡང་ཀ་གྲོང་ཚོའི་བོད་ལུགས་དབུ་ཞྭའི་ཞིང་འབྲོག་མཉམ་ལས་ཁང་། ལྷ་སའི་དག་ཞིང་ཐོན་ལས་ཁུལ་བཅས་ལ་བཅར་འདྲིར་ཕྱིན།
     དེ་མིན་གྲོས་ཚོགས་སུ་ད་དུང“བོད་ཡིག་གཙོ་འདོན་སྨྱན་བྱད་ཀྱིས་སྨྱན་བྱད་གསར་བའི་དུས་རབས་ལ་ཇི་ལྟར་སྣེ་ཁྲིད་བྱེད་པ”ཞེས་པ་བརྗོད་དོན་དུ་བཟུང་བའི་གླེང་སྟེགས་སྤེལ་ཞིང་། གཙོ་འདོན་སྨྱན་བྱད་ཀྱི་གླེང་ཕྱོགས་སྣེ་ཁྲིད་དང་གཙོ་འདོན་སྨྱན་བྱད་ཀྱི་སྣང་བརྙན་འཛུགས་སྐྲུན། གཙོ་འདོན་སྨྱན་བྱད་མཐུན་སྦྱོར་སོགས་ཀྱི་གནད་དོན་ཐད་གཏིང་ཟབ་པའི་སྒོ་ནས་བགྲོ་གླེང་བྱས།
     གྲོས་ཚོགས་ཀྱིས་གཏན་འཁེལ་བྱེད་དོན། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་བ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཚགས་པར་ཁང་གིས་འགན་སྒྲུབ་བྱེད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...