སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུར་ཞུགས་ཏེ་གྲུབ་འབྲས་ལེགས་པོ་བླངས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-3 16:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ7པའི་ཚེས22ཉིན་ནས་ཚེས26ཉིན་བར། སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་དེ་བོད་ལྗོངས་ལྷ་སར་བསྡུས་ཤིང་། པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་འབྲེལ་ཡོད་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན་ཁང་། དྲ་རྒྱ་སོགས་སྨྱན་བྱད་སྡེ་ཁག41གི་འཐུས་ཚབ་པ72ཚོགས་འདུར་ཞུགས་ལ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་མི3ཡང་ཚོགས་འདུར་ཞུགས་ཏེ། བོད་ཁུལ་གྱི་ཞིང་ཆེན་ལྔ་ཡི་སྨྱན་བྱད་ལས་སྒྲུབ་པ་རྣམས་དང་མཉམ་དུ་བོད་ཡིག་སྨྱན་བྱད་ཀྱི་སྐོར་བགྲོ་གླེང་སྒོས་གྲུབ་འབྲས་ལེགས་པོ་བླངས།

     གཅིག་ནི་འདེམས་སྐྱེལ་གནང་བའི་བརྩམས་ཆོས་ལ་བྱ་དགའ་ཐོབ་པ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འདེམས་སྐྱེལ་གནང་བའི《ཡོངས་འཛིན་གསར་འགྱུར་དྲ་ངོས》ལ་སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུའི་དྲ་རྒྱའི་ཇུས་འགོད་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། དཔྱད་འདེམ་རུ་ཁག་གིས་ཡོངས་འཛིན་གསར་འགྱུར་དྲ་ངོས་ཀྱི་ཇུས་འགོད་ལག་རྩལ་སྔོན་གྲས་སུ་ཚུད་པ་དང་རྣམ་པ་ལེགས་ལ། གཅིག་བསྡུས་སྒོས་རྒྱལ་ནང་དབང་གྲགས་རང་བཞིན་གྱི་བོད་ཡིག་དྲ་རྒྱ་ཁྲོད་ཆེས་གསར་བ་དང་ཆེས་མགྱོགས་པའི་ཆ་འཕྲིན་འགྲེམ་སྟོན་བྱས་ཏེ། བོད་ཡིག་སྨྱན་བྱད་ཀྱི་སྣེ་ཁྲིད་ནུས་པ་དང་དྲིལ་སྒྲོག་ནུས་པ། ཤུགས་རྐྱེན་ནུས་པའི་ཐད་བྱས་རྗེས་མི་དམན་པ་བཞག  ཡོངས་འཛིན་གསར་འགྱུར་ལེ་ཚན་གྱིས་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་སྒོས་བོད་ཁུལ་གྱི་གསར་འགྱུར་ཡོངས་ཀྱི་གཅིག་བསྡུས་སྟེགས་བུ་ཞིག་ཏུ་གྲུབ་ཅིང་། མིག་སྔའི་བར། ཡོངས་འཛིན་དྲ་འབུས་བསྡུ་ལེན་བྱས་པའི་གསར་འགྱུར་ནི་ཁྲི130ལྷག་ལ་སླེབས་པ་དང་། ཉིན་རེའི་ཆ་སྙོམས་ཀློག་ཚད་ཁྲི1000ཡས་མས་སུ་སླེབས་ལ། ཡོངས་འཛིན་སྟེགས་བུ་ཆེན་པོ་བརྒྱད་ཀྱི་ཁྲོད་དྲ་གྲོགས་ཀྱིས་དོ་སྣང་བྱེད་ཚད་ཆེས་མཐོ་བའི་སྟེགས་བུ་ཞིག་ཡིན།

     གཉིས་ནི་ཡོངས་འཛིན་དྲིལ་སྒྲོག་ཁྱབ་སྤེལ་གྱི་བྱ་འགུལ་སྤེལ་བ། གྲོས་ཚོགས་ཀྱི་སྐབས་སུ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་ཞུགས་མི་སྣས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་སྤྱོད་ནུས་འགྲེམ་སྟོན་བྱས་ཤིང་། ཡུལ་དངོས་སུ་དྲིལ་སྒྲོག་ལག་དེབ100བཀྲམ་པ་མ་ཟད། ཡོངས་འཛིན་སྤྱོད་མཁན་གྱི་རྟོག་དཔྱད་འདྲི་ཤོག་བྱ་འགུལ་སྤེལ། ཚོགས་ཞུགས་མི་སྣས་ནན་ཏན་གྱིས་མཚམས་སྦྱོར་ལ་གསན་པ་དང་། རང་འགུལ་གྱིས་རྟོག་དཔྱད་འདྲི་ཤོག་བྱ་འགུལ་ཁྲོད་ཞུགས་ཏེ་བསམ་འཆར་ལེགས་པོ་བཏོན། ཐེངས་འདིའི་དྲིལ་སྒྲོག་ཁྱབ་སྤེལ་ལས་ཡོངས་འཛིན་ནི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་ཁྱབ་ཁོངས་སུ་མཐུན་སྦྱོར་ཁྱབ་ཁོངས་སུ་ཞུགས་པ་དང་། ཕྱོགས་སོ་སོའི་སྨྱན་བྱད་ཀྱི་དྲིལ་སྒྲོག་སྣེ་སྟོན་ནུས་ཤུགས་བརྒྱུད། ཡོངས་འཛིན་གྱི་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་བྱ་བ་སྔར་ལས་ལྷག་པར་མཐོར་འདེགས་བྱུང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...