སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་མཉམ་འདྲེས་སྨྱན་བྱད་མཚོ་ལྷོ་ཁུལ་དུ་བསྐྱོད་པའི་དམིགས་བསལ་བཅར་འདྲིའི་བྱ་འགུལ་མགོ་བརྩམས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-16 17:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


རྒྱལ་ཡོངས་མཉམ་འདྲེས་སྨྱན་བྱད་མཚོ་ལྷོ་ཁུལ་དུ་བསྐྱོད་པའི་དམིགས་བསལ་བཅར་འདྲིའི་བྱ་འགུལ་དངོས་སུ་མགོ་བརྩམས།



སྐུ་མགྲོན་རྣམ་པ།

     སྤྱི་ཟླ8པའི་ཚེས16ཉིན་གྱི་སྔ་དྲོར། ཀྲུང་གོའི་རྒྱང་སྒྲོག་གློག་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། མཚོ་སྔོན་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་བའི་རྒྱལ་ཡོངས་ཞིང་ཆེན་རིམ་པའི་གསར་འགྱུར་རྒྱང་སྒྲོག་མཉམ་འདྲེས་སྨྱན་བྱད་མཚོ་ལྷོ་ཁུལ་དུ་བཅར་འདྲིའི་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དེ་མཚོ་ལྷོ་ཁུལ་སྨྱན་སྦྱོར་ལྟེ་གནས་འཁྲབ་སྟོན་ཚོམས་ཆེན་དུ་སྤེལ། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ལ་བསྡོམས་པས་རྒྱལ་ཡོངས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས27དང་། གསར་འགྱུར་ལས་ཁུངས40ཡི་གསར་འགྱུར་ལས་སྒྲུབ་མི་སྣ80ལྷག་ཞུགས་ཤིང་། མཚོ་ལྷོ་ཁུལ་དུ་དུས་ཡུན་ཉིན7གི་བཅར་འདྲི་བྱ་འགུལ་སྤེལ་རྒྱུ་རེད།
     མགོ་རྩོམ་མཛད་སྒོར་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཐིང་ཞང་གིས་ཤིས་ཚིག་ཕུལ་ཞིང་། ཅང་སུའུ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་སྤྱིའི་ཁྱབ་ཁང་ཅང་སུའུ་གསར་འགྱུར་རྒྱང་སྒྲོག་སྤྱི་ཁྱབ་ལྟ་སྐུལ་ལས་རོགས་པ་ལིའུ་ཧའེ་ཐའོ་ཡིས་གཏམ་བཤད་སྤེལ་བ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ལིའུ་ཝེ་ཡིས་མགོ་རྩོམ་ཁྱབ་བསྒྲགས་གནང།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཐིང་ཞང་གིས་ཤིས་ཚིག་ཕུལ་བ།

     མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཐིང་ཞང་གིས་གསུངས་དོན། རྒྱལ་ཡོངས་ས་གནས་སོ་སོའི་སྨྱན་བྱད་གསར་འགོད་པ་རྣམས་ཀྱིས་ཐེངས་འདིའི་བྱ་འགུལ་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚན་རིག་སྒོས་འཕེལ་རྒྱས་སུ་གཏོང་བའི་བསམ་ཕྱོགས་གསར་བ་དང་། དམངས་འཚོ་ལེགས་བཅོས་ཀྱི་རྣམ་པ་གསར་བ། ལས་རིགས་གསར་སྐྲུན་གྱི་ཐོད་བརྒལ་གསར་བ། སྐྱེ་ཁམས་དཔལ་ཡོན་གྱི་ལེའུ་གསར་བ་དང་ཏང་གི་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་དྲིལ་སྒྲོག་དང་ཁྱབ་སྤེལ་བྱེད་རྒྱུ་དང་། རྒྱལ་ཡོངས་ཞིང་ཆེན་ཡོངས་དུས་མཉམ་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ལེགས་འགྲུབ་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་གི་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བསམ་པའི་སྒུལ་ནུས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་གནང་བར་ཞུ། ཁྱེད་ཅག་གི་རོགས་རམ་དང་ང་ཚོས་ལྷན་དུ་ཧུར་བརྩོན་བརྒྱུད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འདི་སྔར་ལས་མཛེས་སྡུག་དང་སྔར་ལས་སྒོ་འབྱེད། སྔར་ལས་རང་རློམ། སྔར་ལས་དཔའ་ཉམས་ཆེ་བའི་སྒོས་ནས་ངེས་པར་དུ་རྒྱལ་ཡོངས་དང་འཛམ་གླིང་དུ་བསྐྱོད་ནུས།


མཚོ་སྔོན་ཡུན་ཀུའུ་གཞི་གྲངས་ཆེན་མོའི་ཐོན་ལས་དར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ཀྲང་ཞིང་ཞིན་གྱིས་
མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་མཚམས་སྦྱོར་བྱས།

     མགོ་རྩོམ་མཛད་སྒོའི་སྐབས་སུ། མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་། ཡོངས་འཛིན་འཚོལ་བཤེར། མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་སོགས་ནི་མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ལས་གཞིར་བྱས་ཏེ། འཐུས་ཚབ་པས་གཏམ་བཤད་དང་དྲིལ་སྒྲོག་བརྙན་རིས་འགྲེམ་གཏོང་། བཅར་འདྲི་སོགས་རྣམ་པར་བརྒྱུད་ཡུལ་དངོས་ནས་ཁྱབ་སྤེལ་བྱས།


མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལྷ་སྐྱིད་སྒྲོལ་མས་ཡོངས་འཛིན་མཚམས་སྦྱོར་བྱེད་པ།

     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྒྱལ་ཡོངས་ཞིང་ཆེན་རིམ་པའི་གསར་འགྱུར་རྒྱང་སྒྲོག་མཉམ་འདྲེས་སྨྱན་བྱད་མཚོ་ལྷོར་བསྐྱོད་པའི་དམིགས་བསལ་བཅར་འདྲི་བྱ་འགུལ་ནི་སྤྱི་ཟླ8པའི་ཚེས16ཉིན་ནས་ཚེས22བར་གསེར་ཆེན་རྫོང་དང་བྲག་དཀར་རྫོང་། འབའ་རྫོང་། མང་རྫོང་། ཁྲི་ཀ་རྫོང་བཅས་རྫོང་ལྔར་བསྐྱོད་དེ་མཚོ་ལྷོ་ཁུལ་གྱི་ཚག་རིག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་ཁྱབ་སྤེལ་བྱ་རྒྱུ་རེད།


མཉམ་འདྲེས་སྨྱན་བྱད་གསར་འགོད་པ་རྣམས་ཀྱིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་བཅར་འདྲི་བྱེད་པ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...