སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཔའ་རིས་དམངས་གླུའི་ཤུགས་འགྱེད་རིག་པའི་རྩེད་འཇོ་ཞེས་བྱ་བའི་འགྲན་ཚོགས་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-17 9:56:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


འགྲན་ཚོགས་ཡུལ་དངོས།


འགྲན་ཚོགས་ཡུལ་དངོས།

ཕུལ་བྱུང་བྱ་དགའ་ཐོབ་མཁན།


ཨང་གསུམ་པ་ཐོབ་མཁན།

ཨང་གཉིས་པ་ཐོབ་མཁན།


ཨང་དང་པོ་ཐོབ་མཁན།


བྱ་དགའ་ཐོབ་མཁན་དང་དཔྱད་འདེམས་པ་ལྷན་རྒྱས།

     གླུ་ང་ལ་མ་ལེན་གནམ་ལ་ལོངས། །གནམ་ལག་པས་ཁེབས་ན་ང་ལ་ལོངས། །གླུ་ང་ལ་མ་ལེན་བྲག་ལ་ལོངས། །བྲག་སྟ་རེས་ཆོད་ན་ང་ལ་ལོངས། །གླུ་ང་ལ་མ་ལེན་སྲིད་པ་ལོངས། །གླུ་སྲིད་པ་ཐུབ་ན་ང་ལ་ལོངས། །ཞེས་ཤགས་སྒོ་འབྱེད་པའི་གདོད་མའི་དབྱངས་རྟ་སྙན་མོ་དབྱངས་ཅན་རྒྱུད་དྲུག་ལས་དྲངས་བཞིན་དཔའ་རིས་དམངས་གླུའི་ཤགས་འགྱེད་རིག་པའི་རྩེད་འཇོའི་འདུ་ཚོགས་ཀྱི་ཡོལ་བུ་ཕྱེ་མགོ་བརྩམས། །
     ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དྲིལ་བསྒྲགས་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཆེད་དུ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་གྱི་ལག་བསྟར་བྱེད་ཐབས་དང་འབྲེལ་ཡོད་བླང་བྱ་ལྟར། མྱུར་སྐྱོབ་གཙོ་འཛིན། སྲུང་སྐྱོང་ཨང་དང་པོ། གསར་སྤེལ་ཚུལ་མཐུན། རྒྱུད་འཛིན་གོང་སྤེལ་ཞེས་པའི་རྩ་དོན་གྱིས་ཁ་ལོ་བསྒྱུར་ཏེ། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ལས་ཤག་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་དཔའ་རིས་དམངས་གླུ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཞོལ་བའི་ཀུན་སློང་གིས་དཔའ་རིས་ཡུལ་ཕྱོགས་ཀུན་གྱི་གླུ་བ་གླུ་མ20གདན་དྲངས་ནས་ལྟད་མོ་བ་མི་60ལྷག་ལྷན་དུ་འཛོམས་ཏེ་ཟླ8པའི་ཚེས15ཉིན་གླུ་ཤགས་འགྲན་པའི་དོ་ར་གཟབ་རྒྱས་ངང་དཔའ་རིས་རྫོང་མཁར་དུ་སྤེལ་པ་ཡིན།
     གླུ་ཤགས་ནི་རང་རེའི་མེས་པོ་རྣམས་ཀྱིས་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་།ནང་བཅུད་ཀྱི་སེམས་ཅན་འཕེལ་རིམ་སོགས་གཞས་པ་གཞས་མ་རྣམས་ཀྱིས་རང་ཉིད་ཀྱི་རིག་ལམ་དང་བློ་གྲོས་ལ་བརྟེན་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཕན་ཚུན་བརགླུ་ངག་དང་རྩེད་མཚར་གྱི་ལམ་ནས་ཤགས་འགྱེད་བྱེད་པའི་རྣམ་པ་ཞིག་ལ་གོ།
     རང་ས་རང་ཡུལ་ནས་སྐྱེས་ཤིང་མཚན་སྙན་གྲགས་པའི་སྒྱུ་རྩལ་པ་དག་གར་སྟེགས་གཅིག་ལ་འཛོམས་ཏེ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ངག་གི་དབྱངས་རྟ། དམངས་ཁྲོད་ཀྱི་རྩམ་དྲི་མ་ཡལ་བའི་ཚིག་གི་སྒྱུ་རྩལ། ཡིད་གྱི་འགྱུར་བ་དང་དོན་གྱི་ཟབ་ཚད་ལུས་ལ་བརྒྱུས་ཡོད་པའི་གླུ་ཤགས་དེར་སྙན་མོ་ངག་ལ་བཀུགས་པས་རྣ་བའི་གསོས་སུ་གྱུར་བའི་བུ་རམ་དང་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་མིག་གི་བདུད་རྩི། རྒྱལ་ཕམ་ལ་ཞུན་ཐར་གཅོད་པའི་རིག་པའི་རྩེད་འཇོ་དགའ་སྟོན་ཞིག་ལྟད་མོ་བ་རྒན་དར་གཞོན་གསུམ་གྱི་སྤྱན་ལམ་དུ་འབུལ་བ་ཡིན།
     རེབ་འདིར་འགྲན་ཞུགས་གླུ་བ་གླུ་མ20དང་དཔྱད་འདེམས་པ5ཡོད། འགྲན་སྡུར་ལ་ཤགས་སྒོ་འབྱེད་པ་དང་། དྲི་བ་དྲིས་ལེན། སྲིད་པ་ཆགས་ཚུལ། རྩོད་པའི་སྐོར། ལབ་ཀྱི་སྐོར་དང་སྐྱོན་བརྗོད་པའི་སྐོར་བཅས་རིགས་དུ་མ་བགར་ཏེ། རྒྱན་གྱི་ཨང་རིམ་ལྟར་ཕན་ཚུན་ལེན་རེས་བྱེད་དུ་བཅུག་པ་རེད། མཐར་གླུ་བ3དང་གླུ་མ5བསལ་འདེམས་བྱས་ཤིང་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་བརྒྱུད་དེ་ཨང་རིམ་བཞིན་བྱ་དགའ་སྟེར་པ་ཡིན།
     ཐེངས་འདིའི་འགྲན་བསྡུར་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་དམངས་ཁྲོད་དུ་བག་ལ་ཉལ་བའི་སྒྱུ་རྩལ་གྱི་རྣམ་པ་དེར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་པ་དང་། སྒྱུ་རྩལ་གྱི་འཇོན་ནུས་ཡོད་ཀྱང་ད་བར་དུ་གར་སྟེགས་ཆེན་པོར་འགྲིམས་པའི་གོ་སྐབས་མ་ལྡན་པའི་ས་འོག་ཏུ་ཡུན་རིང་ལུས་པའི་གསེར་དང་འདྲ་བའི་སྒྱུ་རྩལ་པ་མང་བོ་ཞིག་ལ་འོད་ཟེར་ནམ་མཁར་འཕྲོ་བའི་གོ་སྐབས་ལྡན་པར་བྱས་པ་དེ་ཡིན།
     འདི་ནི་རྒྱ་ཆེའི་བོད་རིགས་མང་ཚོགས་རྣམས་ཀྱིས་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་བཞིན་སྒུག་པའི་བསམ་པའི་ལོངས་སྤྱོད་ཅིག་ཡིན་ལ། འདིར་ཚོགས་ཀྱི་ལྟད་མོ་བ་དང་འགྲན་ཞུགས་གླུ་བ་རྣམས་ཀྱིས་ལས་འགུལ་འདི་རིགས་སྤེལ་ན་སྒྱུ་རྩལ་པ་རྣམས་ལ་རང་ཉིད་ཀྱི་འཇོན་ནུས་ངོམ་ཆོག་པའི་སྟེགས་བུ་ཞིག་ཀྱང་བསྩལ་ཡོད།ནང་སྒོས་སུ་་ཏང་གི་སྲིད་ཇུས་བརྒྱུད་སྒྲོག་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་འཆམ་མཐུན་སྤྱི་ཚོགས་མངོན་འགྱུར་ཡོང་བར་བོགས་མི་དམན་པ་བཏོན་ཡོད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...