སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2018ལོའི་རྔ་བ་ཁུལ་ཛམ་ཐང་རྫོང་གི་ཛམ་བྷ་ལའི་དུས་སྟོན་གྱི་མགོ་བརྩམས་པ།
རྩོམ་པ་པོ། དབང་གྲགས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-20 8:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བསང་མཆོད་བྱེད་པ།


གྲལ་སྒྲིག་ནས་འགྲོ་བ།


2018ལོའི་རྔ་བ་ཁུལ་ཛམ་བྷ་ལའི་དུས་སྟོན་གྱི་མགོ་བརྩམས་པ།


བྱིས་པའི་རུ་ཁག


2018ལོའི་རྔ་བ་ཁུལ་ཛམ་བྷ་ལའི་དུས་སྟོན་གྱི་མགོ་བརྩམས་པ།


ཡུལ་དངོས་ཀྱི་རྣམ་པ།

     སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་ཨུའི་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ཛམ་བྷ་ལའི་དུས་སྟོན་གྱི་མགོ་རྩོམ་མཛད་སྒོ་དེ་ཉེ་ཆར་ཛམ་ཐང་རྫོང་ནས་སྤེལ། ཛམ་ཐང་ནི་ཛམ་བྷ་ལའི་ཐང་ཞེས་ནོར་ལྷའི་གནས་རི་ཡིན་པར་བཤད་ལ། རྒྱལ་རོང་དང་ཨ་མདོ། ཁམས་པ་སོགས་བོད་མི་རིགས་འདུས་སྡོད་བྱས་པའི་གནས་ཤིག་ཡིན་པས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ལྡན་པ་ཞིག་རེད། དེའི་ཕྱིར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས་དང་ཀྲུང་གོའི་བོད་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་རྟེན་གཞི་སོགས་སུ་བདམས།
     ཉེ་བའི་ལོ་ཤས་རིང་དུ། ཛམ་ཐང་རྫོང་གིས《ཛམ་ཐང་རྫོང་གི་རིག་གནས་གསར་བཏོད་དང་གོང་སྤེལ་གྱི་གཏན་འབེབས》ཡིག་ཆ་བཏོན་ནས་རིག་གནས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་མ་ཟད《སྣོད་བཅུད་རིག་གནས་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད(2018—2025)》བཏོན་ནས་སྲིད་གཞུང་གིས་རོགས་རམ་སྒོས་རྒྱུན་འཛིན་པ་རང་ཉིད་ཀྱིས་བྱ་བ་བསྒྲུབ་པའི་བྱེད་ཐབས་ལྟར་བརྒྱུད་སྦྱོང་ཁང་འཛུགས་པར་སྐུལ་མ་བྱེད་བཞིན་ཡོད།
     མིག་སྔར། རྫོང་ཡོངས་སུ་བརྒྱུད་སྦྱོང་ཁང26ཡོད་ལ། དེར་བོད་སྤོས་དང་བོད་ཇ། བོད་སྨན། ཐང་ག རྡོ་བརྐོས། རྫ་ཆས་སོགས་ཤུལ་བཞག་རིག་གནས་འདུས་ཡོད། ཛམ་ཐང་གིས་རིག་གནས་དར་སྤེལ་བྱེད་པར་སྔར་བས་ཤུགས་སྣོན་དང་མཚན་སྙན་ཆེ་རུང་གཏོང་ཆེད། ལོ་ལྟར་ཛམ་བྷ་ལའི་དུས་སྟོན་སྤེལ་གྱིན་ཡོད་ལ། གཟུགས་འདས་རིག་གནས་ཤུག་བཞག་འགྲེམ་སྟོན་དང་ཛམ་བྷ་ལའི་སྐོར་བྲོ། རྟ་རྒྱུག་སོགས་རིག་གནས་བྱ་འགུལ་རབས་དང་རིམ་པ་སྤེལ་ནས་ཛམ་བྷ་ལའི་དུས་སྟོན་དེ་རྒྱལ་ཁབ་ཕྱི་ནང་ན་སྙན་གྲགས་ཡོད་པའི་དམངས་སྲོལ་རིག་གནས་དུས་སྟོན་ཞིག་ཏུ་འགྱུར་བར་བྱེད་པ་དང་། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་རིག་གནས་ཡུལ་སྐོར་བྱེད་ཡུལ་ཁྱད་དུ་འཕགས་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རེད།
     ད་ལོའི་ཛམ་བྷ་ལའི་དུས་སྟོན་དེ་ཡང་ཛམ་ཐང་རྫོང་བཙུགས་ནས་ལོ་འཁོར60ལོན་པའི་དུས་བཟང་དང་འཁེལ་ཡོད་སྟབས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁི་ཉིང་གིས་དུས་སྟོན་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུངས་དོན། ལོ་ངོ60རིང་དུ། ཛམ་ཐང་གི་སྐྱེས་ཕོ་མོ་རྣམས་ཀྱིས་ཤེས་རབ་དང་བརྩོན་འགྲུས་ལ་བརྟེན་ནས་ངོ་མཚར་བའི་གྲུབ་འབྲས་བླངས་ཤིང་། དེ་ལྟ་ཛམ་ཐང་རྫོང་གི་དཔལ་འབྱོར་ཆུ་ཚད་གོང་མཐོར་འགྲོ་བཞིན་ཡོད་ལ། ས་གནས་ཀྱི་ཐོན་ལས་སྤྱིའི་འཕར་གྲངས་ལྡབ54དང་ནོར་སྲིད་ཡོང་སྒོ་ལྡབ21འཕར་ཡོད། དེ་བཞིན་རྨང་གཞིའི་སྒྲིག་ཆས་ཉིན་རེ་བཞིན་ཇེ་ལེགས་ཇེ་རྒྱས་དང་མཁར་གྲོང་གི་རྣམ་པ་ཇེ་བདེ་ཇེ་སྐྱིད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་རིམ་པ་བཞིན་ཇེ་ལེགས། ད་དུང་རིག་གནས་ལས་དོན་ལ་གསོན་ཤུགས་གསར་བ་རྒྱས་ཤིང་རིག་གནས་ཀྱིས་རྫོང་སྟོབས་ལྡན་དུ་བསྒྱུར་བའི་གོམ་སྟབས་ཉིན་རེ་བཞིན་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། དེ་ལྟར་རིག་གནས་ཀྱིས་མི་དམངས་སྐྱོང་བ་དང་རིག་གནས་ཀྱིས་དམངས་ལ་ཕན་བདེ་བསྐྲུན་པ། རིག་གནས་ཀྱིས་མི་དམངས་ཕྱུག་པོར་བསྒྱུར་བའི་བགྲོད་ལམ་གསར་བ་ཞིག་འཚོལ་ཞིབ་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་གཅིག་ལ་གཅིག་བརྟེན་ངང་མཛའ་མཐུན་མཉམ་གནས་ཀྱི་འཚོ་བ་ཞིག་རོལ་བཞིན་བདེ་སྐྱིད་ཀྱི་འཚོ་བ་སྐྱོང་བའི་རྣམ་པ་ཇེ་ལེགས་སུ་འགྲོ་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...