སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-20 11:21:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།


རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་བསྡུས།

     སྤྱི་ཟླ8པའི་ཚེས15ཉིན། རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དེ་ལོའུ་ཉིན་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་ནས་བསྡུས། ཐེངས་འདིའི་བགྲོ་གླེང་ལ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་མཛད་ཅིང་། ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་རིག་གནས་དང་རིག་གནས་ལོ་རྒྱུས་རྒྱུ་ཆ་ཨུ་ཡོན་ལྷན་ཁང་། ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་། ཧྥུའུ་ཞིན་གྲོང་ཁྱེར་མི་རིགས་དཔེ་རྙིང་རིག་གནས་ཞིབ་འཇུག་ཁང་བཅས་ཀྱིས་རོགས་སྒྲུབ་མཛད་པ་རེད།


ཡུལ་དངོས།

     བགྲོ་གླེང་གི་འགོ་རྩོམ་མཛད་སྒོའི་སྟེང་། ལོའུ་ཉིན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲུའུ་ཀོང་ལའེ་ཡིས་བཤད་རྒྱུར། གྲངས་ཉུང་མི་རིགས་དཔེ་རྙིང་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མི་རིགས་སོ་སོས་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཁྲོད་གསར་སྐྲུན་བྱས་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་དང་རིག་གནས་གྲུབ་འབྲས་གལ་ཆེན་ཞིག་ཡིན། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ཏེ། ལས་དོན་རྒྱུན་འཛིན་དང་མི་རིགས་སོ་སོའི་ཕུལ་བྱུང་རིག་གནས་དར་སྤེལ་དུ་གཏོང་བ། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་སུ་གཏོང་བ་བཅས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་དང་ལས་འགན་གཟི་བརྗིད་ལྡན་པ་རེད་ཟེར།
     ལོ་ངོ30ལྷག་གི་རིང་ལ། ལོའུ་ཉིན་ཞིང་ཆེན་གྱིས་འཇིགས་ཉེན་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་སྐོར་ཞིག་སྲུང་སྐྱོབ་དང་མྱུར་སྐྱོབ། འཚོལ་སྡུད། ལེགས་སྒྲིག ཡིག་སྒྱུར་དང་པར་སྐྲུན་བྱས་ཏེ། ངག་ཐོག་རྒྱུ་ཆ་ནས་རྡོ་རིང་ཡི་གེ རྡོ་བརྐོས། ཆོས་ལུགས་དང་། ལོ་རྒྱུས། རྩོམ་རིག མཚན་ཉིད་རིག་པ་ནས་གནམ་དཔྱད་རིག་པ། ས་རྒྱུས། སྨན་རྩིས། བཟོ་རྩལ། མཛེས་རྩལ་བར་དུ། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ཧ་ལམ(དེབ)ཁྲི60མྱུར་སྐྱོབ་དང་འཚོལ་སྡུད་སྲུང་སྐྱོབ་བྱས་ནས 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་སྤྱིའི་དཀར་ཆག་གནད་བསྡུས•མན་ཇུ་རིགས་ཀྱི་དེབ》དང《ཝུའུ་ལིང་ཧའེ་ཧྲི་ཁྱིམ་རྒྱུད་ལོ་རྒྱུས》སོགས་ཀྱི་ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་འདོན་སྤེལ་བྱས་པ་དང་། མན་ཇུ་རིགས་ཀྱི་ཤོག་དྲས་རིག་གནས་སོགས་ལས་གཞི18རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བདམས་པ་རེད།


ཚོགས་མི་ཡོངས་ཀྱི་མཉམ་པར།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱབ་ཁབ་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་རིག་གནས་སྟོབས་ཤུགས་ཇེ་མཐོར་གཏོང་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད་པ་རེད། སྐལ་བཟང་གི་དྲི་བཞོན་དང་བསྡེབས་ནས། ལོའུ་ཉིན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གོ་སྐབས་དམ་འཛིན་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། ལོའུ་ཉིན་གྱི་དཔེ་རྙིང་རིག་གནས་སྔོག་འདོན་གང་ལེགས་སྒོས་ཧྥུའུ་ཞིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་གི་མི་རིགས་དཔེ་རྙིང་ལེགས་སྒྲིག་དང་སྲུང་སྐྱོབ་བྱ་བར་སྔར་བཞིན་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...