སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་འགོ་ཚུགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-21 11:08:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།

     སྤྱི་ཟླ8པའི་ཚེས19ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

     ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བརྗོད་བྱ་ནི“སྟོང་ལོའི་གནའ་ལམ། སྐལ་བཟང་དུས་བདེ”ཞེས་པ་ཡིན་ཞིང་། དུས་ཡུན་ཉིན7གྱི་རིང་ལ་རིག་རྩལ་འཁྲབ་སྟོན་དང་། ཁྱད་ལྡན་ཐོན་རྫས་འགྲེམ་སྟོན། ཁྱད་ལྡན་གནས་སྐོར་རོལ་མྱོང་། ཡིག་རིས་པར་ལེན་འགྲེམ་སྟོན། ལས་རྩལ་འགྲན་བསྡུར་སོགས་བྱ་འགུལ་སྤེལ་བར་བརྟེན་ནས། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བའི་གྲུབ་འབྲས་རླབས་ཆེན་ལ་བསྟོད་གླུ་འབུལ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་ཆབ་མདོ་ནས་རྒྱལ་ཁའི་ངང་ལག་བསྟར་བྱེད་པ་འགྲེམ་སྟོན་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་བརྟན་རླིང་ལ་བསམ་བློ་གཏོང་བ་དང་། འཕེལ་རྒྱས་ཀྱི་ལས་དོན་གཉེར་བ། ཕྱུག་སྒྱུར་ལ་རེ་སྙེག་བྱེད་པ་དང་། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་བསམ་པའི་རྣམ་པ་མཚོན་བཞིན་ཡོད།

     རྒྱུས་ལོན་ལྟར་ན། 2017ལོར་ཆབ་མདོ་གྲོང་ཁྱེར་གྱིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར169.85ལེགས་འགྲུབ་བྱས་ཤིང་། གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར282.1ལེགས་འགྲུབ་བྱས་པར2012ལོ་དང་བསྡུར་ན་ལྡབ3.21ཇེ་མང་དུ་སོང་ཡོད། གྲོང་ཚོའི་སྡོད་དམངས་ཀྱིས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར9560ལ་སླེབས་པ་དང2012ལོ་དང་བསྡུར་ན་ལྡབ1.93ཇེ་མང་དུ་སོང་ཡོད།  གྲོང་རྡལ་སྡོད་དམངས་ཀྱིས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར27160ལ་སླེབས་པ་དང2012ལོ་དང་བསྡུར་ན་ལྡབ1.74ཇེ་མང་དུ་སོང་ཡོད། སྤྱི་ཚོགས་ཐོན་རྫས་བསིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར50ལ་སླེབས་པ་དང2012ལོ་དང་བསྡུར་ན་ལྡབ2.25ཇེ་མང་དུ་སོང་ཡོད་པས། དཔལ་འབྱོར་དམིགས་ཚད་མུ་མཐུད་དུ་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བྱས་ཡོད།

     གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན2015ལོ་སྤེལ་འགོ་བརྩམས་པ་ཡིན་ཞིང་། ཆབ་མདོ་གྲོང་ཁྱེར་རྫ་ཆུ་དང་། འབྲི་ཆུ། རྒྱལ་མོ་རྔུལ་ཆུའི“ གཙང་པོ་གསུམ” དང་ཇ་རྟའི་གནའ་ལམ་གྱི་ལྟེ་གནས་སུ་ཡོད་པའི་མིང་དེ་ཐོགས་པ་རེད།གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱིས་ཆབ་མདོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམ་སྟོན་དང་། སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད། ཆབ་མདོའི་ཕྱི་ཕྱོགས་རིག་གནས་བརྗེ་རེས་རྒྱ་བསྐྱེད་པ་བཅས་འགྲེམ་སྟོན་བྱས་ཏེ། རིག་གནས་འཕེལ་རྒྱས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་བྱེད་པ་དང་། རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་ཚོང་དོན་ཚོགས་ཆེན་ཆེས་གྲས་ཤིག་ཡིན་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...