སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡུལ་ཤུལ་ཁུལ་གྱིས་སྐབས་དང་པོའི་ཀྲུང་གོའི་སྨན་པ་དུས་ཆེན་སྟེང་དུ་གཟེངས་བསྟོད་ཚོགས་ཆེན་བསྡུས་པ།
རྩོམ་པ་པོ། རྡོ་རྗེ་སྒྲོལ་མ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-21 11:31:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

     ཡུལ་ཤུལ་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་ལས་བྱེད་མི་སྣ་དང་རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་སྨན་པར་བཀུར་བསྟི་དང་འཕྲོད་བསྟེན་ལ་དགའ་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུ་དང་། འཕྲོད་བསྟེན་ལས་བྱེད་མི་སྣ་དག་གི་བླ་མེད་ཀྱི་བྱ་གཞག་དང་བྱམས་སེམས་ཅན་གྱི་འདུ་ཤེས་ལ་གོང་བཀུར། ཡུལ་ཤུལ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་བྱ་བ་སྔར་ལས་ལྷག་པར་གོང་འཕེལ་དུ་གཏོང་ཆེད། ཉེ་སྔོན་ཡུལ་ཤུལ་ཁུལ་སྤྱིའི་བཟོ་ཚོགས་དང་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་གནང་བའི་ཡུལ་ཤུལ་ཁུལ་སྐབས་དང་པོའི་ཀྲུང་གོའི་སྨན་པ་དུས་ཆེན་གྱི་དུས་སྐབས་བཟང་པོ་འདི་བེད་སྤྱད་དེ་གཟེངས་བསྟོད་ཚོགས་ཆེན་དེ་ཡུལ་ཤུལ་ཁུལ་ཨུའི་གྲོས་ཚོགས་ལྟེ་གནས་སུ་བསྡུས་པ་རེད།

     ཐེངས་འདིའི་ཚོགས་འདུའི་སྟེང་དུ་ཡུལ་ཤུལ་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲང་ཞོ་ཅོན་དང་། ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཚེ་ཡག ཁུལ་མི་དམངས་འཐུས་ཚོགས། ཁུལ་སྲིད་གྲོས། ཁུལ་སྤྱིའི་བཟོ་ཚོགས་ལ་སོགས་དང་། ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དག གྲོང་ཁྱེར་དང་ཞང་སོ་སོའི་འཕྲོད་བསྟེན་ཅུའུ་དང་ཞང་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སོགས་ཀྱི་འཐུས་ཚབ350ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
     ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་བོའུ་ཏི་ཅོན་གྱིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཡོང་ནས་གསུང་དོན། ཀྲུང་གོ་སྐབས་དང་པོའི་སྨན་པ་དུས་ཆེན་ཐོན་པའི་དུས་འདིར། ཁོས་ཀྲུང་གུང་ཡུལ་ཤུལ་ཁུལ་ཨུའི་ཚབ་བྱས་ཏེ་རྒྱ་ཆེ་བའི་སྨན་པ་རྣམས་དང་སྨན་བཅོས་འཕྲོད་བསྟེན་བྱ་བའི་ཁྲོད་འབད་འབུངས་ཧུར་ཐག་བྱེད་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་ལ་འཚམས་འདྲི་ཞུས་པ་དང་། བྱ་དགའ་ཐོབ་པའི་སྨན་པ་དག་གཟེངས་བསྟོད་གནང་བ་ཡིན་ཞེས་བརྗོད།
     ཚོགས་ཐོག་ཏུ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཀྱི་ཀྲུའུ་རེན་བསོན་ནམས་དབང་མོས་ཁུལ་ཡོངས་ཀྱི་སྨན་སྡེ་རུ་ཁག་འཛུགས་སྐྲུན་གྱི་གནས་ཚུལ་སྙན་ཞུ་ཕུལ་བ་དང་། ཁུལ་སྤྱིའི་བཟོ་ཚོགས་ཀྱི་གཙོ་འཛིན་གཞོན་པ་བང་ཞིག་ཅོན་གྱིས་ཐེངས་འདིའི་གཟེངས་བསྟོད་ཀྱི་ཆོག་ཆེན་ཡི་གེ་བཏོན་པ་དང་སྦྲགས་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་གནང་བ་རེད།
     ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་བསྡུས་ནས་འཕྲོད་བསྟེན་ལས་བྱེད་མི་སྣ་རྣམས་ལ་སྨན་བཅོས་འཕྲོད་བསྟེན་གྱི་བྱ་བ་ལ་སྔར་ལས་ལྷག་བའི་འབད་འབུངས་བྱེད་དགོས་བའི་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཞིག་ཐོན་ཡོད་པ་དང་། སྤྱི་ཚོགས་ཡོངས་ནས་ འཕྲོད་བསྟེན་གྱི་འདུ་ཤེས་བཟང་པོ་ཞིག་ཆགས་ནས་མགྱོགས་མྱུར་ངང་བདེ་ཐང་གི་ཡུལ་ཤུལ་གསར་བ་ཞིག་འཛུགས་སྐྲུན་བྱ་རྒྱུ་ལ་འབད་པ་བྱེད་དགོས་འདུ་ཤེས་བཟང་པོ་ཞིག་ཆགས་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...