སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོས་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར40ལོན་པའི་ཁུལ་གཏོགས་ལས་ཁུངས་ཀྱི་སྐོར་བྲོའི་འགྲན་བསྡུར་སྤེལ།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-29 10:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར40ལོན་པའི་ཁུལ་གཏོགས་ལས་ཁུངས་ཀྱི་སྐོར་བྲོའི་འགྲན་བསྡུར་སྤེལ།


སྐོར་བྲོ་འཁྲབ་སྟོན་བྱེད་པ།


འཕྲོད་བསྟེན་འཆར་སྐྱེས་སྡེ་ཁག་གིས་སྐོར་བྲོ་འཁྲབ་སྟོན་བྱེད་པ།


སྲིད་གཞུང་སྡེ་ཁག་གིས་སྐོར་བྲོ་འཁྲབ་སྟོན་བྱེད་པ།


བྱ་དགའ་གནང་བ།

     སྤྱི་ཟླ9བའི་ཚེས28ཉིན། མཚོ་ལྷོ་ཁུལ་གྱིས་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར40ལོན་པའམ་རྒྱལ་སྟོན་དུས་ཆེན་བསུ་བའི་ཁུལ་གཏོགས་ལས་ཁུངས་ཀྱི་སྐོར་བྲོའི་འགྲན་བསྡུར་སྤེལ་ཞིང་། སྐོར་བྲོ་འགྲན་བསྡུར་གྱི་རྣམ་པས་རླབས་ཆེ་བའི་དུས་སྐབས་འདི་བསུ་མ་བྱེད་པ་མ་ཟད་མཚོ་ལྷོ་ཁུལ་གཏོགས་ལས་ཁུངས་ཀྱི་རིགས་སོ་སོའི་ལས་བྱེད་མི་སྣའི་བསམ་པའི་རིག་གནས་ཀྱི་སྣང་བརྙན་མཚོན་པར་བྱས།
     འགྲན་བསྡུར་ཡུལ་དངོས་སུ་འགྲན་ཞུགས་རུ་ཁག་གི་རུ་མི་རྣམས་ཀྱིས་ཉམས་འགྱུར་ལྡན་པའི་གར་གྱི་སྟངས་སྟབས་ལས་རྒྱལ་ཁབ་བཙུགས་ནས་ལོ་འཁོར69དང་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར40ལོན་པར་བསུ་མ་གནང་ཞིང་། འཐུབ་ཚབ་རུ་ཁག་ལྔའི་འཁྲབ་སྟོན་ལས་ས་གནས་འདིའི་མང་ཚོགས་ཀྱི་ཡིད་དབང་བཀུག  མཐར་ཛ་དྲག་གི་འགྲན་བསྡུར་བརྒྱུད། འཕྲོད་བསྟེན་འཆར་སྐྱེས་ཨུ་ལྷན་སྡེ་ཁག་གིས་སྐོར་བྲོ《མདོ་སྨད་རྟའི་མཆོད་ཁ》དང《ཕ་ཡུལ་སྐྱིད་པའི་གཞི་མ》འཁྲབ་སྟོན་གནང་སྟེ་ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དང་། ཏང་དང་མང་ཚོགས་སྡེ་ཁག་ལ་ཨང་གཉིས་པ། སྲིད་གཞུང་སྡེ་ཁག་ལ་ཨང་གསུམ་པ། ནོར་སྲིད་དང་དཔྱ་ཁྲལ་སྡེ་ཁག་དང་སྤྱི་དཔྱོད་ཁྲིམས་གསུམ་སྡེ་ཁག་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་བཅས་ཐོབ།
     ཐེངས་འདིའི་འགྲན་བསྡུར་བརྒྱུད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་སྐོར་བྲོ་འཁྲབ་སྟོན་ལ་དགའ་མཁན་དག་ལ་ཕན་ཚུན་འབྲེལ་འདྲིས་དང་སྟངས་སྟབས་ངོམ་པའི་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། རྒྱ་ཆེ་བའི་མང་ཚོགས་རྣམས་རང་འགུལ་གྱིས་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ལ་ཞུགས་པར་སྐུལ་སློང་སྒོས་སྔར་ལས་ལྷག་པར་དམངས་ཡོངས་ལུས་རྩལ་སྦྱོང་བརྡར་ལ་སྐུལ་འདེད་བཏང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...