སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《གནའ་བོའི་ཞང་ཞུང་བཀའ་བསྟན་འགྱུར》པོད12ལོ་ཙཱ་ལེགས་འགྲུབ་བྱུང་།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-11 10:53:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྒྱུས་ལོན་པ་ལྟར་ན། 2015ལོའི་ཟླ6པའི་ཚེས9ཉིན། རྒྱལ་ཁབ་ཚན་རིག་སྤྱི་ཚོགས་ཐེབས་རྩའི་ལས་གཞི་ཆེན་མོ་སྟེ《<གནའ་བོའི་ཞང་ཞུང་བཀའ་བསྟན་འགྱུར>རྒྱ་ཡིག་ཏུ་ལོ་ཙཱ་དང་ཞིབ་འཇུག་བྱེད་པ》དེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་དུ་དངོས་སུ་མགོ་བརྩམས་ཤིང་། ལས་གཞི་འདི་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་ཆིང་ཧྭ་སློབ་ཆེན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་རྩེ་དྲུག་དགོན་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན།
     ལས་གཞི་འདི་མགོ་བརྩམས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་རང་རྟོགས་སྒོས་འཆར་ཇུས་འཐེན་ཏེ་མྱུར་དུ་ཆེད་མཁས་པའི་ཚན་ཆུང་བཙུགས་ཤིང་། ད་སྔ《གནའ་བོའི་ཞང་ཞུང་བཀའ་བསྟན་འགྱུར》ཁྲོད་ཀྱི་པོད12ལོ་ཙཱ་ལེགས་འགྲུབ་བྱུང་བ་དང་། ད་དུང་པོད3ནི་སྔོན་དཔག་ལྟར་ན2019ལོའི་ཟླ2པར་ལོ་ཙཱ་ལེགས་འགྲུབ་འབྱུང་ངེས།
     རྒྱུས་ལོན་པ་ལྟར་ན། སྟེང་ཆེན་རྫོང་གིས་ཞང་ཞུང་རྒྱལ་རབས་ཀྱི་དམིགས་བསལ་ས་བབ་གནས་ཐིག་ལ་གཞིགས་ཏེ། ཕྱོགས་ཡོངས་ནས་ནུས་ཤུགས་སྐུལ་སློང་སྒོས་རྩེ་དྲུག་དགོན་གྱི་གྲྭ་བཙུན15རྩ་འཛུགས་བྱས་ནས་རྒྱ་ཡིག་ལོ་ཙཱའི་ཁྲོད་ཟབ་ཞུགས་གནང་། དེའི་ཁྲོད་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་གཙོ་བཞུགས་དཔྱད་འཇོག་པའི་འགན་ཁུར་ཏེ། རྒྱ་ཡིག་ལོ་ཙཱ་དང་རིག་གནས་གནའ་རྫས་རྟོག་ཞིབ་བྱ་བ་ཟུང་སྦྲེལ་སྒོས་སྔར་ལས་ལྷག་པར་མི་རིགས་ཀྱི་རིག་གནས་འབྲེལ་འདྲིས་ལ་སྐུལ་འདེད། མི་རིགས་ཀྱི་རིག་གནས་ཐོན་ཁུངས་མཉམ་སྤྱོད་བྱ་བ་སྤེལ་བར་སྐུལ་སྤེལ་བྱེད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...