སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡུལ་ཤུལ་ཁུལ་སྒལ་ཀླད་རྨས་སྐྱོན་ལས་ཁྱིམ་གྱི་སྒོ་བྱང་དངོས་སུ་བཀལ་བ།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-19 11:39:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ10བའི་ཚེས17ཉིན། ཡུལ་ཤུལ་ཁུལ་སྒལ་ཀླད་རྨས་སྐྱོན་ལས་ཁྱིམ་གྱི་སྒོ་བྱང་དངོས་སུ་བཀལ་ཞིང་། ཡུལ་ཤུལ་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཁང་དང་ཁུལ་དམངས་སྲིད་ཅུའུ། ཁུལ་ནོར་སྲིད་ཅུའུ། ཁུལ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཁུལ་ཁྲིམས་འཛིན་ཅུའུ། ཁུལ་འཕྲོད་བསྟེན་དང་འཆར་སྐྱེས་ཨུ་ལྷན། ཁུལ་དབུལ་སྐྱོར་ཅུའུ། ཁུལ་ཡུལ་སྐོར་ཅུའུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ཡུལ་ཤུལ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཁང་གི་ལས་སྒྲུབ་མི་སྣ། སྐྱེ་རྒུ་ས་ཁུལ་གྱི་དབང་བོ་སྐྱོན་ཅན་འཐུས་ཚབ་འགའ་ཚོགས་འདུར་ཞུགས། ཡུལ་ཤུལ་ཁུལ་གྱི་ཁུལ་དཔོན་གཞོན་པ་སྟེ་ཁུལ་སྲིད་གཞུང་དབང་སྐྱོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་རྟེན་འབྲེལ་ཞུ་བ་མ་ཟད་འབྲེལ་ཡོད་སྡེ་ཁག་དང་རྒྱ་ཆེ་བའི་དབང་བོ་སྐྱོན་ཅན་གྲོགས་པོ་རྣམས་ལ་རེ་བ་དང་དགོངས་ཚུལ་བཏོན།

     ཡུལ་ཤུལ་ཁུལ་སྒལ་ཀླད་རྨས་སྐྱོན་ལས་ཁྱིམ་ནི་ཡུལ་ཤུལ་གྱི་ས་གནས་སོ་སོའི4.14ས་འགུལ་ཁྲོད་སྒལ་ཀླད་རྨས་སྐྱོན་བྱུང་བའི་ནད་པས་རང་སྟེང་ནས་རྩ་འཛུགས་བྱས་པ་ཞིག་དང་། མཚོ་སྔོན་ཞིང་ཆེན་གྱི་སྒལ་ཀླད་རྨས་སྐྱོན་ལས་ཁྱིམ་ཐོག་མ་ཡིན། རིམ་པ་སོ་སོའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་དང་། སྒལ་ཀླད་རྨས་མ30ལྷག་གིས་རང་སྟེང་གི་འབད་བརྩོན་ཆེན་པོའི་འོག ལས་རིགས་ནུས་རྩལ་སློབ་སྦྱོང་དང་ལས་ཞུགས་གོ་སྐབས་རག་པ། སྤྱི་ཚོགས་འཚོ་བར་ཞུགས་པའི་ཡོངས་འདུས་རོགས་སྐྱོར་དང་ལས་ཞུགས་གནས་གཞི་ཞིག་ཡིན།

     ཡུལ་ཤུལ་ཁུལ་སྒལ་ཀླད་རྨས་སྐྱོན་ལས་ཁྱིམ་གྱི་འགན་འཛིན་པ་ཕུན་ཚོགས་དབང་རྒྱལ་གྱིས་བྱ་བའི་གནས་ཚུལ་སྙན་ཞུར་ཕུལ་བ་སྟེ། སྤྱི་ཚོགས་ཅན་གྱི་ལུས་གསོའི་ལས་གཞི་སྟེ་སྒལ་ཀླད་རྨས་མའི་འཚོ་བ་བསྐྱར་བསྐྲུན་གསོ་སྦྱོང་བརྒྱུད། སྒལ་ཀླད་རྨས་མའི་འཚོ་བ་དང་དཔལ་འབྱོར་རང་རྐྱ་འཕར་བ་དང་། སྤྱི་ཚོགས་སུ་ཞུགས་ཏེ། རྩ་བའི་ཆ་ནས་ཡུལ་ཤུལ་ཁུལ་གྱི་སྒལ་ཀླད་རྨས་མ་དང་དེའི་ཁྱིམ(རྨས་ཏེ་དབུལ་བ་དང་རྨས་ཏེ་རང་གཅུན)གྱི་གནས་བབ་བསྒྱུར་དགོས།

     འདི་ལྟ་བུའི་གསོ་སྦྱོང་བརྒྱུད་དེ། ཡུལ་ཤུལ་ཁུལ་གྱི་ལུས་གསོ་སྨན་བཅོས་ལས་གཞན། སྤྱི་ཚོགས་ལུས་གསོའི་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཞིག་ཡིན། འདིས་གཞི་རྩའི་སྟེང་སྒལ་ཀླད་རྨས་མའི་ལུས་གསོ་དང་བདག་སྐྱོང་། ལས་ཞུགས། སྤྱི་ཚོགས་སུ་ཞུགས་པའི་གནད་དོན་ཡོངས་སུ་ཐག་གཅོད་བྱེད་ཐུབ་པ་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...