སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་དང་གཞུང་ཞབས་པའི་གཟེངས་བསྟོད་ཚོགས་ཆེན།
རྩོམ་པ་པོ། ལྷ་མི་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-1 9:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ10བའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང་དང་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་གཟེངས་བསྟོད་ཚོགས་ཆེན་དེ་ཟི་ལིང་དུ་བསྡུས་ཤིང་། ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཨུའི་རྒྱུན་ཨུ་ཝང་ཞའོ། མགོན་པོ་བཀྲ་ཤིས། ཐེང་ཅཱ་ཚའེ། ཡཱན་ཅིན་ཧའེ། ཡུའུ་ཚུང་ལུ། ཡིན་པའེ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲེང་ལུང་། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་བཅས་གྲོས་ཚོགས་སུ་ཞུགས།
     མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལིའུ་ཉིན་གྱིས་གཏམ་བཤད་སྤེལ་བ་དང་། ཞིང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཉིན་ཡཱན་གྱིས་མདོ་འཛིན་མཛད།
     ལིའུ་ཉིན་གྱིས་བསྟན་དོན། གཞུང་ཞབས་པ་ནི་ཤེས་ལྡན་མི་སྣ་དཔུང་སྡེའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཏང་ཨུ་སྲིད་གཞུང་གི་ཇུས་གཞི་བཀོད་འདོམ་གྱི་སྐུལ་འདེད་པ་དང་ལག་བསྟར་བ་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་གཞུང་ཞབས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་བ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོབ་བྱེད་དགོས་ཤིང་། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣའི་བྱ་བ་དང་གཞུང་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་ཐད་བཏོན་པའི་དགོངས་ཚུལ་ལྟར། ཏང་གི་འདོད་བློ་ནི་ཆེས་མཐོའི་འདོད་བློ་དང་། མི་དམངས་ཀྱི་ལངས་ཕྱོགས་ནི་རྩ་བའི་ལངས་ཕྱོགས། སྔོན་ཐོན་དཔེ་ཚུལ་ནི་སློབ་སྦྱོང་བྱེད་པའི་མིག་དཔེར་བཟུང་སྟེ། མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་ཞིག་བྱ་དགོས།
     གྲོས་ཚོགས་སུ། ཝང་ཅན་ཅུན་དང་ལིའུ་ཉིན། རྡོ་རྗེ་རབ་བརྟན་སོགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱི་འཐུས་ཚབ་ལ་བྱ་དགའ་དང་གཟེངས་རྟགས་གནང་།
མཚོ་སྔོན་ཞིང་ཆེན་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ་ཐུན་མོང་གི་མིང་ཐོ།
               ཀྲུང་གུང་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཁང་།
               ཟི་ལིང་གྲོང་ཁྱེར་ནགས་ལས་ཅུའུ།
               ཀྲུང་གུང་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཁུལ་ཆུའུ་ཐཱན་གྲོང་རྡལ་ཨུ་ཡོན་ལྷན་ཁང་།
               དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་འདན་མ་གྲོང་རྡལ་ཨུ་ཡོན་ལྷན་ཁང་།
               མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རྩིས་བཤེར་ཅུའུ།
               མང་ཡཱ་སྲིད་འཛིན་ཨུ་ཡོན་ལྷན་ཁང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།
               ཁྲི་ཀ་རྫོང་ཀབ་རོན་གཞུང་ཧུའེ་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་།
               ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུའུ།
               གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོ་མི་དམངས་སྲིད་གཞུང་།
               མཚོ་སྔོན་ཞིང་ཆེན་སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་ཁང་།
མཚོ་སྔོན་ཞིང་ཆེན་མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་མིང་ཐོ།
               ཀྲའོ་མིང་ཧུའེ། ཀྲུང་གུང་སྐུ་འབུམ་རྫོང་ལི་ཅཱ་ཧྲན་གྲོང་རྡལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།
               ཝུའུ་ཀྲི་ཁྲེང་། ཟི་ལིང་གྲོང་ཁྱེར་མཁར་གྲོང་ཇུས་འགོད་དང་འཛུགས་སྐྲུན་ཅུའི་འགོ་གཙོ།
               དབྱི་ཀྲན་ཡོན། བཀའ་མ་ལོག་རྫོང་ཁྲིངས་འཛིིན་ཅུའུ་ཁྲོན་ཁོའུ་ཁྲིམས་འཛིན་ཁང་གི་འགོ་གཙོ།
               ཧཱ་ཡོན་ཧྲོའུ།(ཧུའེ་རིགས) ཀྲུང་གུང་ཏཱ་ཁྲའེ་ཏན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ།
               ཚེ་ལོ། (བོད་རིགས)  མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ།
               ཝང་ཡུང་ལིན།(བོད་རིགས) ཀྲུང་གུང་མུན་ཡོན་རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་སྒྲུབ་ཁང་གི་འགོ་གཙོ།
               ནམ་མཁའ་དཔལ་བཟང། (བོད་རིགས) འབྲི་སྟོད་རྫོང་དབུལ་སྐྱོར་ཅུའི་འགོ་གཙོ།
               ཨོ་རྒྱན་བསོད་ནམས།(བོད་རིགས) ཀྲུང་གུང་པདྨ་རྫོང་སྟག་མཁར་ཡུལ་ཚོ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།
               དབྱང་ཝུན་ཡོན། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་རྩ་འཛུགས་པུའུ་གཞུང་སྒྲུབ་ཁང་གི་འགོ་གཙོ།
               ཁྲེན་ཀྲི་ཞིའུ། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཤེས་བྱའི་བདག་དབང་ཁྲིམས་སའི་འགོ་གཙོ་གཞོན་པ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...