སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐང་བོད་གནའ་ལམ་གྱི་རིག་དངོས་འགྲེམས་སྟོན་མཚོ་སྔོན་དུ་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-6 11:03:00 རྩོམ་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

     ཉེ་སྔོན། ཐང་བོད་གནའ་ལམ—ཞིང་ཆེན་དང་རང་སྐྱོང་ལྗོངས་བདུན་གྱི་རིག་དངོས་རྩེ་གྲ་མཉམ་འབྲེལ་འགྲེམས་སྟོན་དེ་མཚོ་སྔོན་ཞིང་ཆེན་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་ཞིང་། མཚོ་སྔོན་དང་། ཧྲའན་ཞི། ཀན་སུའུ། སི་ཁྲོན། ཉིང་ཞ། ཤིན་ཅང་། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས7གྱི་རིག་གནས་དངོས་མང་རྟེན་རྫས་བཤམས་མཛོད་ཚན་པའི་རིག་དངོས་རྩེ་གྲ200ལྷག་ཙམ་ལྟད་མོ་བར་བཤམས་ནས་ཐང་བོད་གནའ་ལམ་གྱི་དར་རྒྱས་གོང་འཕེལ་གྱི་རྣམ་པ་གཅིག་སྡུད་སྒོས་འགྲེམས་སྟོན་བྱས།
     མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་འགོ་གཙོ་ཏུང་ཀྲེ་ཆང་གིས་བཤད་ན། ཐང་བོད་གནའ་ལམ་རྒྱུད་ཀྱི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་གཅིག་ཏུ་བསྡུས་པའི་ད་རེས་ཀྱི་རིག་དངོས་མཉམ་འབྲེལ་འགྲེམས་སྟོན་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཁག་དབར་རིག་དངོས་ཞིབ་འཇུག་ཐད་ཕྱར་བ་གྲུ་འདེགས་བྱེད་ཐེངས་ཤིག་ཡིན་ལ། གནའ་ལམ་གྱི་རིག་གནས་ཀྱི་གཞི་ཁུངས་བཏབ་ནས་དར་གོས་འགྲུལ་ལམ་གྱི་ཨེ་ཤ་ཡ་ལྷོ་མའི་བར་ཁྱམས་འདི་ཉིད་འཛམ་གླིང་གི་རིག་གནས་ཤུལ་བཞག་ནང་འགོད་རྒྱུའི་རེ་འདུན་ཞུ་བའི་ལས་དོན་ལ་འདེགས་སྐྱོར་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐང་བོད་གནའ་ལམ་ནི་ཀྲུང་གོའི་གྲགས་ཆེའི་གནའ་ལམ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་ཞིང་། ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན(ད་ལྟའི་ཧྲའན་ཤིས་ཀྱི་ཤིས་ཨན)ནས་འགོ་ཚུགས་པ་དང་བོད་ཀྱི་ལྷ་ས་བར་ཡིན་པ་དང་། ཁྱོན་རིང་ཚད་སྤྱི་ལེ3000ལྷག་ཙམ་ཡོད་པ། ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས)བརྒལ་བ་བཅས་ཀྱི་ཐང་བོད་གནའ་ལམ་ནི་ཐང་རྒྱལ་རབས་ཚུན་དུ་ཀྲུང་ཡོན་ས་ཁུལ་ནས་མཚོ་སྔོན་དང་། བོད་ལྗོངས། ཐ་ན་ནེ་པ་ལ་དང་རྒྱ་གར་སོགས་སུ་སྐྱོད་སའི་བགྲོད་ལམ་གལ་ཆེན་ཞིག་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...