སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གློག་བརྙན《གངས་རིའི་རྔ་སྒྲ》ཡི་ཕབ་སྐྲུན་དབུ་འབྱེད་མཛད་སྒོ་སྐུ་འབུམ་བྱམས་པ་གླིང་བུ་བསྡུས།
རྩོམ་པ་པོ། ལྕགས་ཐར་ཚེ་རིང་། དབང་རྒྱལ་ཚེ་རིང་། ཐུབ་བསྟན་རྡོ་རྗེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-4 10:02:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། ཀློག་གྲངས།


འཁྲབ་སྟོན་པ་ལྷན་རྒྱས་སྐུ་འབུམ་བྱམས་པ་གླིང་དུ་འབྱོར་བ།


གཙོ་འཁྲབ་པ་ལྷན་རྒྱས།

     སྤྱི་ཟླ1པོའི་ཚེས3ཉིན། བོད་ཀྱི་འཁྲབ་འཁྲིད་པ་ཀླུ་རྒྱལ་རཱ་ཏི་ཡིས་འཁྲབ་གཞུང་བྲིས་པའི་གློག་བརྙན《གངས་རིའི་རྔ་སྒྲ》ཡི་ཕབ་སྐྲུན་དབུ་འབྱེད་མཛད་སྒོ་སྐུ་འབུམ་བྱམས་པ་གླིང་དུ་བསྡུས། 
     གློག་བརྙན་འདིས་གྲྭ་བ་འོད་གསལ་ཟེར་བ་ཞིག་གིས་བོར་ཟིན་པའི་མི་ལ་རས་པའི་སྐུ་ཐང་ཞིག་འཚོལ་བའི་གཏམ་རྒྱུད་གཞིར་བཟུང་ནས། དཔལ་འབྱོར་གྱི་འགྲན་རྩོད་རྒོད་པའི་དུས་རབས་གསར་བའི་ནང་གི་བོད་མི་རིགས་ཀྱི་རིན་ཐང་ལྟ་བ་དང་། བྱམས་སྙིང་རྗེ་ཡི་འདུ་ཤེས་ཕྱིར་མཚོན་པར་བྱས་ཡོད་པ་དང་ཆབས་ཅིག སྲོལ་རྒྱུན་དང་དེང་རབས་བར་གྱི་འགལ་འདུ་སྣ་ཚོགས་ཀྱང་ཕྱིར་མངོན་པར་བྱས་ཡོད།
     གློག་བརྙན《གངས་རིའི་རྔ་སྒྲ》ནི་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི་ཡི་གློག་བརྙན་གསུམ་པ་ཡིན་ཞིང་། ཡར་སྔོན་གློག་བརྙན《འབྲི་མོ་དུང་ཆུང་དཀར་མོ》དང《སྲིད་པའི་མེ་ཏོག》གཉིས་ཀྱི་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་གནང་བས་ཀུན་གྱིས་གདེང་འཇོག་གང་འཚམ་ཐོབ་ཡོད་ལ། གློག་བརྙན་དུས་ཆེན་མང་པོའི་སྟེང་བྱ་དགའ་ཐེངས་དུ་མར་བླངས།
     གློག་བརྙན་འདི་ནི་དེ་རིང་སྟེ། ཟླ་དང་པོའི་ཚེས་གསུམ་ཉིན་ནས་མགོ་བརྩམས་ཏེ་ཟི་ལིང་དང་།  ཞོན་ཧྭ་སོགས་སུ་སོང་ནས་ཟླ་ངོ་གཅིག་ལྷག་ལ་ཕབ་སྐྲུན་བྱ་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...