སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྲིད་པའི་མཛོད་ཕུགས་ཀྱི་གཞུང་ཞེས་བྱ་བ་པར་དུ་བསྐྲུན།
རྩོམ་པ་པོ། རིན་སྤུངས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-8 10:12:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ལམ། ཞང་ཞུང་རིག་མཛོད་ཁང་གིས་སྒྲིག་སྦྱོར་བྱས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་རྒྱལ་བའི་བཀའ་རིན་པོ་ཆེ《ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ཀྱི་གཞུང》ཞང་བོད་ཡིག་གཟུགས་གསུམ་ཕབ་ཅན་གྱི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་སྤེལ།
     དེར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་འོད་ཟེར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་དོན་འགྲུབ་ལྷ་རྒྱལ། ལན་ཀྲུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་ངག་དབང་རྒྱ་མཚོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཁས་དབང་ཚེ་རིང་འགྱུར་མེད། དེ་སྔའི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་འགོ་གཙོ་ཚེ་བརྟན་སྐྱབས། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཚེ་བརྟན། དེ་བཞིན་འབྲེལ་ཡོད་མཁས་དབང་དག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མི་སྣ་སོགས་ཞུགས་ཡོད།

     སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་གཙོ་འགན་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་མཛམ་གླིང་རིག་གནས་ཀྱི་རྩ་བ་ནི་ཡི་གེ་ལ་ཐུག་ཡོད་པའི་སྐོར་དང་། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་སྲིད་པའི་མཛོད་ཕུགས་ཡིག་སྣ་གསུམ་ཅན་གྱིས་གྲུབ་པའི་དེབ་འདི་གལ་ཆེན་དུ་བརྩིས་ཡོད་ལ་གནམ་ལོ་གསར་བའི་ལེགས་སྐྱེས་ཐོག་མ་ཡིན་པ་དང་དེབ་འདིའི་རྩོམ་སྒྲིག་འགན་འཁུར་བ་དང་རོགས་འདེགས་པ་རྣམས་ལ་བཀའ་དྲིན་ཆེ་ཞེས་གསུངས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...