སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་འཕྲིན་ཤར་གཏོང་ཐུབ་པ།
རྩོམ་པ་པོ། པད་མས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-21 10:31:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།


བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཐིང་གི་གཞུང་ཕྱོགས་དྲ་བ།

      གྲངས་གཞིའི་དཔལ་འབྱོར་ནི་ཞིང་ལས་དང་བཟོ་ལས་དཔལ་འབྱོར་རྗེས་ཀྱི་དཔལ་འབྱོར་གྱི་རྣམ་པ་གཙོ་བོ་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མཁོ་སྤྲོད་ཀྱི་ཟུར་ནས་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་ནས་དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མི་ཐབས་ཀྱི་རིག་ནུས་བཅས་དངོས་ཚན་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ས་གནས་ཁག་གི་དཔལ་འབྱོར་ཁོང་ཡངས་རང་བཞིན་གྱིས་འཕར་སྣོན་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད།
     ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གྱི་འཐབ་ཇུས་ཀྱི་གལ་ཆེའི་རྣམ་བཤད་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཆ་འཕྲིན་ཅན་དུ་འགྱུར་བའི་རླབས་རྒྱུན་ཁྲོད། བོད་ལྗོངས་ཀྱིས་ཤུགས་ཆེན་པོས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། རང་འགུལ་ངང་ནས་དྲ་སྦྲེལ་བྱས་ཏེ་ཡོན་རྩིས་རྒྱག་དང་། གཞི་གྲངས་ཆེན་མོ། ཟོག་སྦྲེལ་དྲ་བ་སོགས་ཀྱི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱས་པ་དང་། གྲངས་གཞིའི་དཔལ་འབྱོར་གྱིས་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དང་ཞབས་ཞུའི་འཕེལ་རྒྱས་མགྱོགས་སུ་བཏང་ཞིང་། གྲངས་གཞིའི་དཔལ་འབྱོར་གྱིས་མང་ཚོགས་ཀྱི་ལས་བཏོད་གསར་གཏོད་ལ་སྐུལ་སྤེལ་དང་། གྲངས་གཞིའི་དཔལ་འབྱོར་གྱིས་ཚད་གཞི་མཐོན་པོས་སྲིད་གཞུང་གི་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་དར་སྤེལ་བཏང་ནས“ཆེས་མང་ནའང་ཐེངས་གཅིག་ལ་རྒྱུག་པ”ཞེས་པའི་སྒྱུར་བཅོས་སྣེ་འདྲེན་དུ་བྱས་ཏེ། “དྲ་སྦྲེལ+སྲིད་དོན་ཞབས་ཞུ”དར་སྤེལ་དང་།  “མང་ཚོགས་ཆེད་མངགས་འགྲོ་དགོས་པ”དེ“གྲངས་གཞི་འབྲེལ་མཐུད”དུ་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་།
     “དྲ་གཅིག་ཡོན་གཅིག་ལྟེ་གནས་གཅིག”འཛུགས་སྐྲུན་གྱི་རྣམ་པ་ལྟར་བོད་ལྗོངས་ཀྱིས་་གློག་རྡུལ་སྲིད་དོན(དུས་ཐེངས་དང་པོ)ལས་གྲྭ་ལེགས་འགྲུབ་བྱུང་སྟེ། དྲ་ཐོག་སྲིད་དོན་གྱི་ཕྱིའི་དྲ་རྒྱ་རྒྱ་སྐྱེད་དང་དྲ་བ་ཤར་གཏོང་ལས་གྲྭ་ལག་བསྟར་བྱས་ནས་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་དྲ་ཐོག་སྲིད་དོན་གྱི་ཕྱིའི་དྲ་རྒྱ་འབྲེལ་མཐུད་བྱེད་སའི་གནས4325རུ་ཟིན་པ་དང་། གོང་རྒྱལ་ཁབ་དང་སྦྲེལ་བ་དང་འོག་ཤང་དང་གྲོང་རྡལ་དུ་ཤར་གཏོང་བྱས་ཏེ་འཕྲེད་ཕྱོགས་ཀྱིས་སྡེ་ཁག་ཁག་གི་གློག་རྡུལ་སྲིད་དོན་ལ་ཁྱབ་པའི“དྲ་བ་གཅིག” ལེགས་འགྲུབ་བྱུང་། མཉམ་དུ་གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་ཚོད་ལྟ་བྱེད་གནས་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད96% ཟིན་པ་དང་། རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་གྱི་རྨང་གཞིའི་སྤྲིན་རྩིས་ལས་སྟེགས་དང་། སྲིད་དོན་གཞི་གྲངས་ཆེ་མོའི་ལྟེ་གནས་བཙུགས་ཏེ་ས་གནས་ཁག་དང་སྡེ་ཁག་གིས་གཅིག་གྱུར་གྱིས་རྩིས་རྒྱག་དང་། གསོག་ཉར། དྲ་བ། བདེ་འཇགས་སོགས་མཁོ་སྤྲོད་བྱེད་པའིITཐོན་ཁུངས་གཅིག་སྡུད་མཉམ་སྤྱོད་ཀྱི་སྤྲིན་ཚོགས་ཞབས་ཞུའི་ནུས་པ་འཛོམས་པ་རེད།
     “དྲ་སྦྲེལ+ སྲིད་དོན་ཞབས་ཞུར”གནད་ཆེན་པོའི་ཐོལ་བརྒལ་གྱི་མཚམས་དང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མིག་སྔར། བོད་རང་སྐྱོང་ལྗོངས་རིམ་པའི་དྲ་ཐོག་ཏུ་བསྒྲུབས་ཆོག་པའི་བྱ་བ792ཡོད་པ་དང་། རེ་ཞུའི་རིགས་ཀྱི་དོན་ཚན་དྲ་ཐོག་ནས་བསྒྲུབས་ཆོག་ཚད96%ཡན་ལ་བསླེབས་པ་དང་། གྲོང་ཁྱེར་དང་རྫོང་ཁག་གིས་དྲ་ཐོག་ནས་ལས་སྒྲུབ་དོན་ཚན་ལེགས་སྒྲིག་དང་ཞིབ་བཤེར་གཏན་འབེབས་ཀྱི་བྱ་བ་གང་མགྱོགས་ཀྱིས་དར་སྤེལ་བྱེད་བཞིན་ཡོད།
     བསྡོམས་རྩིས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་རྫོང27ལྷག་རྒྱལ་ཁབ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་བཏང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས་ཡོད་ཅིང་། 2018 ལོའི་སྤྱི་ཚོགས་ཡོངས་ཀྱི་ཆ་འཕྲིན་ཅན་ཐད་མ་དངུལ་སྒོར་དུང་ཕྱུར54 བཏང་བ་དང་། གྲངས་ཀ་ལས་རིགས་ཀྱིས་རིན་ཐང་འཕར་མ་སྒོར་དུང་ཕྱུར20.2 མངོན་འགྱུར་བྱུང་སྟེ་བརྒྱ་ཆ25.1འཕར་དེ། ཆ་འཕྲིན་འཛད་སྤྱོད་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར60 རུ་སླེབས་ཡོད། སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། སྤྱི་པའི་བདེ་འཇགས། འགྲིམ་འགྲུལ། ཡུལ་སྐོར་སྤྲོ་གསེང་། རིག་གནས་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་གློག་རྡུལ་ཚོང་དོན་ལས་གྲྭའི་ལྟེ་བའི་ལས་སྒོའི་སྟེགས་བུ་ཆེན་པོ་བཞི་ཚོད་ལྟའི་འཁོར་སྐྱོད་བྱས་པ་དང་། 2018 ལོར་ལས་སྟེགས་བཙོངས་འབོར་སྒོར་དུང་ཕྱུར41ཟིན་པ་རེད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ས་ཚིགས3000 ལེགས་འགྲུབ་བྱུང་སྟེ་བརྡ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་དང་དྲ་བའི་དབུལ་སྐྱོར་ལ་རམ་འདེགས་བྱས། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དེ་གཏེར་རྫས་དང་། ཨར་ལས་རྒྱུ་ཆ། དམངས་སྤྱོད་འབར་རྫས། རང་བྱུང་འཐུང་ཆུ་དང་བཟའ་བཅའ(བཏུང་བྱ)ཐོན་རྫས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་བཀོལ་སྤྱོད་དང་ཁྱབ་གདལ་བཏང་སྟེ་ཕྱོགས་གཉིས་མཉམ་འདྲེས་ཀྱི་སྟོན་གྲངས་48 ཟིན་པ་དང་། དྲ་སྦྲེལ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་མགྱོགས་སུ་བཏང་།
     ལག་ལེན་གྱིས་ས་མཐོའི་དྲ་སྦྲེལ་ནི“གསོ་རླུང་འདང་བའི”བདེན་དཔང་བྱས་ཤིང་། མ་འོངས་པར་བོད་རང་སྐྱོང་ལྗོངས་ཀྱིས་ཟམ་མི་ཆད་པར་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ལྗོངས་ཀྱི་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་འགོད་ཇེ་མགྱོགས་སུ་གཏོང་བ་དང་། གྲངས་ཀའི་བོད་ལྗོངས་དང་། དྲ་རྒྱ་དར་ཁུལ་གྱི “ལོ་གསུམ་འགག་སྒྲོལ་གྱི་འགུལ་སྐྱོད་འཆར་གཞི་ཆེན་པོ་བརྒྱད”ཤུགས་ཆེར་ལག་བསྟར་བྱས་ཏེ། ཆ་འཕྲིན་རྨང་གཞི་དང་། དྲ་རྒྱའི་བདེ་འཇགས། ཏང་གི་སྲིད་འཛིན་བྱེད་ནུས། སྤྱི་ཚོགས་བཅོས་སྐྱོང་། སྤྱི་པའི་བདེ་འཇགས། ཆ་འཕྲིན་དམངས་ཕན་དང་། ཐོན་ལས་མཉམ་བསྲེས། རིག་ལྡན་གྲོང་ཁྱེར་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ“དྲ་བ་ཡག་པོ་སྤྱོད་པ་དང་། དྲ་བ་ཡག་པོ་འཛུགས་པ། དྲ་བ་དོ་དམ་ཡག་པོ་བྱས”ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆ་འཕྲིན་ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་། ཆ་འཕྲིན་མཉམ་སྤྱོད་ཀྱིས་དམངས་ལ་ཕན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་འཛིན་གྱི་འགལ་རྐྱེན་ཇེ་ཆུང་དུ་བཏང་ནས་དྲ་རྒྱའི་བདེ་འཇགས་ཀྱི་རྨང་རྡོ་བཙུགས་ཏེ་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བྱེད་དགོས།
     བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས2019 ལོའི་ལས་དོན་བཀོད་སྒྲིག་ནང་དུ་གསལ་བོར་བསྟན་དོན། གྲངས་གཞིའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་དྲ་རྒྱ་དར་བའི་ས་ཁུལ་དང་། གྲངས་གཞིའི་བོད་ལྗོངས་འཛུགས་སྐྲུན་དར་སྤེལ་གཏོང་རྒྱུ་དང་། ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཀྱི་གཟིགས་སྐྱོང་བྱེད་ཐབས་གཏན་འབེབས་དང་དོན་འཁྱོལ་ཡོང་བ་བྱེད་དགོས། མུ་མཐུད་དྲ་རྒྱའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་གྲོན་དངུལ་དམའ་རུ་གཏོང་བ་དར་སྤེལ་དང་། ཡུལ་སྐོར་དང་། སྨན་བཅོས། རྒན་གསོ། སློབ་གསོ། འགྲིམ་འགྲུལ། སྤྱི་ཚོགས་བཅོས་སྐྱོང་། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཀྱི“ དྲ་སྦྲེལ་+ ” བྱ་སྤྱོད་གཏིང་ཟབ་སྒོས་དར་སྤེལ་གཏོང་དགོས། རང་སྐྱོང་ལྗོངས་རིམ་པའི་གྲངས་འཛིན་དཔལ་འབྱོར་དཔེ་སྟོན་གླིང་བཙུགས་ཏེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང་དྲ་རྒྱ་ཅན་གྱི་མཉམ་ལས་གསར་གཏོད་མ་ལག་འཛུགས་དགོས། སྤྱི་ཚོགས་ཡོངས་ཀྱི་ཆ་འཕྲིན་འཛད་སྤྱོད་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར65 ཡན་དང་། གྲངས་གཞིའི་དཔལ་འབྱོར་གྱི30% ཡན་དུ་འཕར་བར་བརྩོན་ལེན་བྱེད་དགོས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...