སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གོ་སྐབས་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བྱ་དགའ་ལེན་དུ་ཤོག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-14 17:40:00 རྩོམ་ཁུངས། མཚོ་ལྷོའི་སྨྱན་གསར། ཀློག་གྲངས།
   མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་རྣམས་ཀྱིས་ཏང་གི་བཀའ་གསུང་ལ་ཉན་པ་དང་ཏང་གི་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བཟང་བོ་བྱེད་པ། ལྷག་པར་དུ་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཁན་དང་བརྒྱུད་བསྒྲགས་བྱེད་པར་བརྩོན་ལེན་བྱེད་པ། རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་གསར་འཛུགས་དཔེ་སྟོན་བྱ་བ་གཏིང་ཟབ་སྒོས་སྐུལ་འདེད་དང་། ལས་བྱེད་པ་རྣམས་ཀྱི་མི་རིགས་དང་འབྲེལ་བའི་ཤེས་བྱ་མཐོར་འདེགས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་དང་། ཁུལ་དཔལ་འབྱོར་ཆ་འཕྲིན་ཨུ་ཡོན་ལྷན་ཁང་། མཚོ་ལྷོའི་ཚགས་པར་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ལོ་སར་སྐབས་སུ་མི་རིགས་མཐུན་སྒྲིལ་གསར་འཛུགས་སྐོར་གྱི་ཤེས་བྱའི་འགྲན་སྡུར་སྤེལ་བཞིན་ཡོད།
གཅིག གཙོ་སྒྲུབ་ལས་ཁུངས། 
   མཚོ་ལྷོ་ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་དང་། ཁུལ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། མཚོ་ལྷོའི་ཚགས་པར་ཁང་།
གཉིས། ཤེས་བྱའི་འགྲན་སྡུར་དུས་ཚོད།
  2019ལོའི་ཟླ2པའི་ཚེས5ནས་ཚེས14བར་ཡིན།
གསུམ། འགྲན་སྡུར་ལ་ཞུགས་སྟངས། 
   མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ་དང་།  སོ་ལྟའི་རོགས་སྐྱོར་གྱི་མཚོ་ལྷོའི་བོད་ཡིག་སྤྱོད་སྣེ། མཚོ་ལྷོའི་རྒྱ་བོད་ཡིག་གི་ཚགས་པར་གྱི་སྐད་འཕྲིན་སྡིངས་ཆ། མཚོ་ལྷོ་ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་གི་སྐད་འཕྲིན་སྡིངས་ཆར་ཞུགས་ནས་འགྲན་སྡུར་ལ་ཞུགས་དགོས།
བཞི། འདྲི་གཞིའི་ནང་དོན་གྱི་ཁྱབ་ཁོངས་གཙོ་བོ། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་སྐོར་ཡིན།
ལྔ། འགྲན་སྡུར་སྤེལ་སྟངས།  
   2019ལོའི་ཟླ2པའི་ཚེ5ནས་ཚེས14ཉིན་བར་མཚོ་ལྷོ་ཁུལ་གསར་འགྱུར་དྲ་བ་དང་། སོ་ལྟའི་རོགས་སྐྱོར་གྱི་མཚོ་ལྷོའི་བོད་ཡིག་སྤྱོད་སྣེ། མཚོ་ལྷོའི་རྒྱ་བོད་ཡིག་གི་ཚགས་པར་གྱི་སྐད་འཕྲིན་སྡིངས་ཆ། མཚོ་ལྷོ་ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་གི་སྐད་འཕྲིན་སྡིངས་ཆའི་དྲ་སྣེ་བརྒྱུད་ནས་སྣ་གཅིག་གདམ་གསེས་དང་། སྣ་མང་གདམ་གསེ། བདར་ཤ་གཅོད་པ་སོགས་ཁྱོན་བསྡོམས་པའི་འདྲི་གཞི20ལ་ལན་བཏབ་པའི་སྐར་གྲངས་རྣམས་ཚང་རྩིས་བྱེད་པ་ཡིན།
དྲུག བྱ་དགའི་ཁྱབ་ཁོངས།
༡. ཐེངས་འདིའི་འགྲན་སྡུར་དེ་ཁུལ་ཡོངས་ལ་དམིགས་ནས་ས་གནས་སོ་སོ་དང་། སྡེ་ཁག་སོ་སོ། ལས་རིགས་གཞན་དག་གི་མི་སུ་ཡིན་ཡང་མཉམ་ཞུགས་བྱས་ཆོག
༢. ཆེས་མཐའ་མཇུག་འདྲི་གཞིའི་སྐར་གྲངས་ཀྱི་མཐོ་དམར་གཞིགས་ནས་ཨང་དང་པོ་ཐོབ་མཁན་གྱི་མི10དང་། ཨང་གཉིས་པ་ཐོབ་མཁན་མི20། ཨང་གསུམ་པ་ཐོབ་མཁན་མི40།  དྲན་རྟེན་བྱ་དགའ་ཐོབ་མཁན་མི150བཅས་གདམ་རྒྱུ་ཡིན།
༣. ཟླ2པའི་ཟླ་མཇུག་ཏུ་མཚོ་ལྷོའི་རྒྱ་བོད་ཡིག་གི་ཚགས་པར་གྱི་སྐད་འཕྲིན་སྡིངས་ཆ་དང་། མཚོ་ལྷོ་ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་གི་སྐད་འཕྲིན་སྡིངས་ཆ་བཅས་ནས་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་གསལ་བསྒྲགས་བྱ་རྒྱུ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...