སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་རྒྱ་ལོའི་ཚེས་བཅོ་ལྔ་བསུ་སྟངས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-20 15:51:00 རྩོམ་ཁུངས། མཚོ་ལྷོའི་སྨྱན་གསར། ཀློག་གྲངས།


མཚོ་ལྷོ་ཁུལ་གྱིས་རྒྱ་ལོའི་ཚེས་བཅོ་ལྔ་བསུ་སྟངས།


གླུ་ལེན་པའི་ཚུལ།


བྲོ་གར་གྱི་སྟངས་སྟབས་བསྒྱུར་བའི་ཚུལ།


མཚོ་ལྷོ་ཁུལ་གྱིས་རྒྱ་ལོའི་ཚེས་བཅོ་ལྔ་བསུ་སྟངས།


བྲོ་གར་གྱི་སྟངས་སྟབས་བསྒྱུར་བའི་ཚུལ།


ཤོམ་འགྲོ།


གླུ་ལེན་གར་རྩེད་ཀྱི་རྣམ་པ།


གླུ་ལེན་གར་རྩེད་ཀྱི་རྣམ་པ།


མཚོ་ལྷོ་ཁུལ་གྱིས་རྒྱ་ལོའི་ཚེས་བཅོ་ལྔ་བསུ་སྟངས།

     རྒྱ་ལོའི་ཚེས་བཅོ་ལྔ་ཉིན། མཚོ་ལྷོ་ཁུལ་དུ་བོད་ས་ཕག་ལོའི་རྒྱ་ལོ་ཚེས་བཅོ་ལྔའི་རིག་རྩལ་འཁྲབ་སྟོན་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་བརྒྱུད་སྒྲོག་སྨྱན་སྦྱོར་ལྟེ་གནས་དང་། མཚོ་སྔོན་པོའི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཉིན་འདིར་རང་ཁུལ་གྱི་རིགས་སོ་སོའི་མི་རྣམས་མ་བགྲོས་གཅིག་མཐུན་གྱིས་ཐེངས་འདིའི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་སུ་འཛོམས་ཏེ། ཚང་མས་ལྷན་ཅིག་ཏུ་རྒྱ་ལོའི་ཚེས་བཅོ་ལྔའི་དགའ་སྟོན་ལ་མཉམ་དུ་རོལ་བ་རེད། ཕྱི་རོལ་དུ་ཁ་བ་ཟམ་ཟིམ་བབས་ཤིང་། གྲང་ངར་ཅུང་ཟད་ཆེ་ནའང་། མིག་དབང་འཕྲོག་པའི་ཞབས་བྲོའི་སྒྱུ་རྩལ་དང་སྙན་དབང་གསོ་བའི་གླུ་གཞས་འཕྲོ་རིམ་འཕྲོར་ལྟ་མཁན་རྣམ་པའི་གཟིགས་མོར་བཀྲམས་པ་དེས་ཕྱོགས་འདུས་ལྟད་མོ་རྣམས་ལ་དགའ་སྤྲོ་དང་དྲོད་ཁོལ་གྱི་སྣང་བ་སྦྱིན་པ་རེད། གཤམ་ནས་ང་ཚོས་འདྲ་པར་གྱི་ལམ་ནས་རང་ཁུལ་གྱི་རྒྱ་ལོ་ཚེས་བཅོ་ལྔའི་རྣམ་པར་ཉམས་སུ་མྱོང་བར་བྱ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...