སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་གྱི་ས་ཁུལ་གཉིས་ལ་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-25 16:52:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། ཀློག་གྲངས།
     ཉེ་ལམ། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་བར་གྱི་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མིང་ཐོ་ཁྱབ་བསྒྲགས་བྱས། ཞིབ་དཔྱད་བྱས་པ་བརྒྱུད། མཚོ་སྔོན་གྱི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲོའུ་ཧོར་རིགས་རང་སྐྱོང་རྫོང་འདན་མ་གྲོང་བརྡལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གཉིས་མིང་ཐོའི་ཁྲོད་ཚུད་ཡོད།
     ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པ་ནི་རིག་གནས་དང་ཡུལ་སྐོར་པུའུ་ཡིས་བཙུགས་པའི་མང་ཚོགས་རིག་གནས་ཚོང་རྟགས་ལས་གཞི་ཞིག་ཡིན་ལ། གཅིག་དགུ་གྱ་བདུན་ལོ་ནས་བཟུང་ཞིབ་དཔྱད་བྱས་པ་དང་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། དུས་ཡུན་ལོ་གསུམ་དུ་གཏན་ཁེལ་བྱས་ཡོད། དཔྱད་འདེམས་ཀྱི་བླང་བྱ་ལྟར། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་སར་བདམས་པའི་ས་ཁུལ་ལ་ངེས་པར་དུ་ཁྱད་ཆོས་མངོན་གསལ་ལྡན་དགོས་ལ། མང་ཚོགས་སྤྲོ་བ་ཆེ་བ་ཞིག་ཡིན་དགོས་པ་མ་ཟད། དམངས་ཁྲོད་རིག་གནས་སྒྱུ་རྩལ་ཁྱབ་རྒྱ་ཆེ་བ་ཞིག་དང་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་པའི་ཡུལ་ཁོངས་ཞིག་ནས་ཡིན་དགོས་པ་རེད།
     འདན་མའི་ཧོར་རིགས་ཀྱི་རི་གླུ་ནི་སྐོར་ཁག་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི་ཡིན། མཚོ་སྔོན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱས་པས་འདན་མའི་མཚན་སྙན་ཕྱོགས་ཀུན་ལ་ཁྱབ་པ་རེད། རེབ་གོང་སྒྱུ་རྩལ་ཡང་རང་རྒྱལ་གྱི་རིག་གནས་བང་མཛོད་ནང་བཀྲག་མདངས་འཚེར་བའི་མུ་ཏིག་རྡོག་ཅིག་ཡིན་ལ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་ཤན་ཤུགས་ཧ་ཅང་ཆེ་བའི་སྒྱུ་རྩལ་ཅིག་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...