སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་འཚོལ་བཤེར་ལ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གསུམ་པ་ཐོབ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-28 11:05:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།

     ཉེ་སྔོན། ཡོངས་འཛིན་འཚོལ་བཤེར་ནི་མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་ཅན་བེད་སྤྱོད་ཀྱི་གཙོ་གནད་ལག་རྩལ་ཡིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནང་བའི2018ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་མ་ཟད། 2018ལོའི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བྱ་དགའི་གྲོས་ཚོགས་སྟེང་གཟེངས་བསྟོད་གནང་།
     ཡོངས་འཛིན་འཚོལ་བཤེར་གྱིས་ལོ་ངོ་གཉིས་ལྷག་གི་གྲ་སྒྲིག་ལེགས་པོར་བརྒྱུད། རྒྱལ་ཁབ་པར་དབང་ཅུས་གནང་བའི་རྩིས་འཁོར་མཉེན་ཆས་རྩོམ་གྱི་བདག་དབང་རྣམ་གྲངས6དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་གནང་བའི་ཚན་རིག་ལག་རྩལ་གྲུབ་འབྲས་དཔང་ཡིག་ཐོབ་མྱོང་།

     2019ལོར། ཡོངས་འཛིན་འཚོལ་བཤེར་གྱིས་ཡོངས་འཛིན་གཏག་ཐབས་དང་། ཡོངས་འཛིན་རྒྱ་བོད་དྲ་ལམ་ལོ་ཙཱའི་མ་ལག་སོགས་སྤྱོད་ནུས་གསར་སྤེལ་བྱ་རྒྱུ་མ་ཟད། ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞིར་གཞི་བཅོལ་ཏེ། གསར་སྤེལ་དང་བེད་སྤྱོད། གསོ་སྤེལ། ཉམས་ཞིབ། གྲུབ་འབྲས་འགྲེམ་སྟོན་བཅས་གཞི་གཅིག་ཏུ་སྒྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུའི་སྟེགས་བུ་ཞིག་བསྐྲུན་པར་འབད་བརྩོན་བྱ་རྒྱུ་དང་། ཚན་རྩལ་གསར་སྐྲུན་གྱིས་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...