སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨོ་ཚོགས་ཆེན་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཡི་འོས་འདེམས་ལ་ཚུད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-7 10:25:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

     ཉེ་སྔོན། 《ཀྲུང་གོ་ཚན་རྩལ་མཐུན་ཚོགས་གཞུང་སྒྲུབ་ཐིན་གྱིས2019ལོའི་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཡི་འོས་མི་རྩ་འཛུགས་འོས་འདེམས་བྱེད་པའི་ཐད་ཀྱི་བརྡ་སྦྱོར》དགོངས་དོན་དང་རྩ་འཛུགས་ཀྱི་གོ་རིམ་བླང་བྱ་གཞིར་བཟུང་སྟེ། ཟླ2ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཆེད་མཁས་པ་འོས་འདེམས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཡི་འོས་འདེམས་དཔྱད་ཞིབ་ཚོགས་འདུ་རྩ་འཛུགས་བྱས་ནས་བསྡུས་པ་རེད། ཚོགས་འདུའི་ཐོག་དཔྱད་མོལ་དང་མིང་མི་འགོད་པའི་འདེམས་ཤོག་འཕངས་པ་བརྒྱུད། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཡི་འོས་འདེམས་མི་སྣ་གཏན་འཁེལ་བྱས་ཏེ། ཨ་རུ་བོད་སྨན་གྱི་ཏུང་ཧྲི་ཀྲང( མཚོ་སྔོན་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་ཁང་གི་གླིང་གཙོ) སྐུ་ཞབས་ཨོ་ཚོགས་ཆེན་འོས་འདེམས་མིང་ཐོའི་ཁྲོད་ཚུད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...