སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མ་འོངས་པའི་ལོ15ནང་མཚོ་སྔོན་གྱི་རྫོང་འདི་དག་གྲོང་ཁྱེར་དུ་བསྒྱུར་རྒྱུ་ཡིན་པ།
རྩོམ་པ་པོ། ལྷ་ཆེན་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-19 9:36:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

 
ཙོང་ཁ་རྫོང་།


གཞོང་ཐང་རྫོང་།

ཧོར་གྲོང་རྫོང་།

མདའ་བཞི་རྫོང་།

གསེར་ཆེན་རྫོང་།

ཁྲི་ཀ་རྫོང་།


རེབ་གོང་རྫོང་།

     2025ལོར་ཐོན་དུས། རེབ་གོང་དང་གསེར་ཆེན། མདའ་བཞི། ཁྲི་ཀ་བཅས་ཀྱི་རྫོང4གྲོང་ཁྱེར་དུ་བསྒྱུར་རྒྱུ་རེད། 2035ལོར་ཐོན་དུས། གཞི་རྩའི་ཆ་ནས་གཞོང་ཐང་རྫོང་དང་ཧོར་གྲོང་རྫོང་གཉིས་གྲོང་ཁྱེར་དུ་བསྒྱུར་རྒྱུ་རེད།
     རྒྱུས་ལོན་པ་ལྟར་ན། ལན་ཀྲོའུ་དང་ཟི་ལིང་གི་འཕེལ་རྒྱས་འཆར་འགོད་ལས་གསར་འཛུགས་གྲོང་ཁྱེར་ཆུང་འབྲིང་གི་གསོ་སྐྱོང་འཆར་འགོད་གསལ་པོར་བཏོན་ཡོད་པས། རང་ཞིང་གི་གྲོང་ཁྱེར་ཆུང་འབྲིང་གི་གྲངས་ཀ་ཉུང་པའི་ཞན་ཆར་ཁ་གསབ་དང་མཁར་གྲོང་གི་མ་ལག་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། གྲོང་ཁྱེར་ཆུང་འབྲིང་དང་མཁར་གྲོང་ཆུང་བའི་ལེགས་སྒྲིག་འཕེལ་རྒྱས་ཐད་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།
     ཐེངས་འདིའི་གོ་སྐབས་དམ་འཛིན་དང་རྫོང་ཁག་གྲོང་ཁྱེར་དུ་བསྒྱུར་པའི་ལས་རིམ་ཇེ་མགྱོགས་སུ་གཏང་བ། གསར་དར་གྲོང་ཁྱེར་སྐོར་ཞིག་གསོ་སྐྱོང་དང་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་ནུས་ལྡན་གྱིས་རྒྱ་བསྐྱེད་པ། འགོ་ཚུགས་ས་གསར་པའི་ཐོག་སྔར་ལས་སྒོ་འབྱེད་དང་གསོན་ཤུགས་ལྡན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་དུ་བསྒྱུར་ཆེད། རང་ཞིང་གིས་ལན་ཀྲོའུ་དང་ཟི་ལིང་གི་འཕེལ་རྒྱས་འཆར་འགོད་གཞིར་བཟུང་སྟེ། གཙོ་བོ་ཟི་ལིང་གྲོང་ཁྱེར་གྱི་ཙོང་ཁ་རྫོང་དང་མཚོ་ཤར་གྲོང་ཁྱེར་གྱི་གཞོང་ཐང་རྫོང་། ཧོར་གྲོང་རྫོང་། མཚོ་བྱང་ཁུལ་མདའ་བཞི་རྫོང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་། ཁྲི་ཀ་རྫོང་། རྨ་ལྷོ་ཁུལ་རེབ་གོང་རྫོང་སོགས་གསར་དར་གྲོང་ཁྱེར7གསོ་སྐྱོང་བྱ་རྒྱུ་མ་ཟད། དུས་རིམ་གཉིས་བགར་ནས་སྐུལ་འདེད་བྱས་ཏེ། 2025ལོར་ཐོན་དུས། རེབ་གོང་དང་གསེར་ཆེན། མདའ་བཞི། ཁྲི་ཀ་བཅས་ཀྱི་རྫོང4གྲོང་ཁྱེར་དུ་བསྒྱུར་རྒྱུ་རེད། 2035ལོར་ཐོན་དུས། གཞི་རྩའི་ཆ་ནས་གཞོང་ཐང་རྫོང་དང་ཧོར་གྲོང་རྫོང་གཉིས་གྲོང་ཁྱེར་དུ་བསྒྱུར་རྒྱུ་རེད། ད་སྔར། ཙོང་ཁ་རྫོང་གི་བསྒྱུར་བཀོད་ལས་གཞི་སྤེལ་བཞིན་པའི་སྒང་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...