སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལྷོ་ཁ་གྲོང་ཁྱེར་དུ་རྨོད་གཉའ་གཅོག་པའི་ཆོ་ག་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-19 10:18:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

      ལོ60ཡི་གོང་བོད་ཀྱིས་ཐོག་མར་ཁེ་གསུམ་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བ་ཚོར་རང་ཉིད་ལ་དབང་བའི་ཞིང་ཁ་དང་ཐོན་སྐྱེད་ཡོ་ཆས་ཐོག་མར་རག་ཡོད། ད་ཆ་ཁེ་གསུམ་སྡེ་ཁུལ་གྱི་ཞིང་ལས་ཐོན་སྐྱེད་སྤྱིར་ན་འཕྲུལ་ཆས་ཅན་ལ་གྱུར་བ་དང2018ལོར་སྡེ་ཁུལ་ཡོངས་ལ་དཔལ་འབྱོར་ཡོང་འབབ་བསྡོམས་སྒོར་ཁྲི3427.47བྱུང་བ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19735ཟིན་ཡོད།

     ཉེ་བའི་ལོ་ཤས་རིང་བོད་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་ཞིང་ལས་ལ་ལོ་བསྟུད་མར་ལོ་ལེགས་བྱུང་སྟེ་ནས་ཀྱི་ཐོན་འབབ་ཏུན་ཁྲི70ལྷག་ཟིན་པ་དང་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ལྷག་ཟིན།
     ཉེ་ལམ། བོད་ལྗོངས་ཀྱི་ས་གནས་ཁག་གི་ཕོ་མོ་རྒན་གཞོན་ཚང་མས་ལུས་ལ་གཟབ་འཆོར་སྤྲས་ནས།  དར་ཚོན་སྣ་ལྔ་དང་མེ་ཏོག་གིས་རྒྱན་སྤྲོས་བྱས་པའི་འདྲུད་འཐེན་འཕྲུལ་འཁོར་བཏང་ནས། ཞིང་ནང་དུ་བསྐྱོད་དེ། གཞས་དང་ཞབས་བྲོ་འཁྲབ་ནས་ལོ་གཅིག་དུས་གཅིག་གི་རྨོད་གཉའ་བཅག་པའི་དུས་བསུས་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...