སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་མི་རིགས་སློབ་འབྲིང་གཉིས་པས《ཆུ་མིག》ལོ་དེབ་འགྲེམ་སྤེལ་ཚོགས་འདུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-26 10:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཉེ་སྔོན། མང་རྫོང་མི་རིགས་སློབ་འབྲིང་གཉིས་པས《ཆུ་མིག》ལོ་དེབ(དཔར་ཐེངས་གསུམ་པ)འགྲེམ་སྤེལ་དང་རྟིང་སྐུལ་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་ལ་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན། སློབ་མ་ཐམས་ཅད་ཞུགས་ཡོད་ཅིང་། ཚོགས་རིམ་ལ། 《ཆུ་མིག》ལོ་དེབ་རྩོམ་སྒྲིག་ཐད་ཀྱི་གཏམ་བཤད་ཀྱི་རིམ་པ་དང་། རྩོམ་སྤེལ་སློབ་མ་རྣམས་ཀྱི་གཟེངས་བསྟོད་དང་དངོས་པོའི་རྟིང་སྐུལ་གྱི་རིམ་པ། འགོ་ཁྲིད་ཀྱི་སྤྱི་བསྡོམས་རིམ་པ་སྟེ། རིམ་པ་གསུམ་བརྒྱུད་ནས་ཚོགས་འདུའི་མཇུག་བསྡུས། 
     《ཆུ་མིག》ལོ་དེབ་ནི་མང་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མའི་སྦྱངས་རྩོམ་དེབ་ཅིག་ཡིན་ཞིང་། ད་ལྟའི་བར་དུ་དཔར་ཐེངས་གསུམ་བྱས་མྱོང་། དཔར་ཐེངས་རེ་རེར་སློབ་མའི་ལས་བྱ་དང་རྩོམ་ཡིག་འགྲན་བསྡུར་ཁྲོད་ཀྱི་རྩོམ་ཡིག་ལེགས་ཤོས་དང་དགའ་ཤོས་བསལ་འདེམ་བྱས་རྗེས། དགེ་རྒན་གྱིས་ཞུ་དག་དང་བཟོ་བཅོས་བརྒྱབ་ནས་མ་ཡིག་གཏན་འཁེལ་བྱས་ནས་གྲུབ་པ་ཞིག་ཡིན། 

དཀར་ཆག

ཚོན་ཤོག 

མཁས་པའི་ཞལ་གདམས་དང་ལེགས་བཤད་གཏམ་རྒྱུད་སོགས། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...