སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་མི་རིགས་མཐུན་སྒྲིལ་རྟགས་མའི་ལྒང་རྩལ་འགྲན་བསྡུར་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-1 10:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
   བདེ་ཐང་གི་ཕུང་བོ་ནི་རྒྱལ་ཁའི་གཞི་མ་དང་མཐུན་སྒྲིལ་གྱི་འཚོ་བ་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་གཞན་ཀུན་གྱི་བདེ་ཐང་ལ་སེམས་ཁུར་དང་བདེ་སྐྱིད་ལ་དོ་སྣང་བྱེད་དགོས་པ་ཡིན་ལ། ལྷག་པར་དུ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སློབ་ར་འཛུགས་སྐྲུན་གྱི་བྱ་བར་རང་ནུས་གང་ཡོད་སྒོས་འབད་པ་ཆེན་པོ་བྱེད་དགོས་པ་རེད། མི་སུ་ཞིག་ལ་བདེ་ཐང་གི་ཕུང་བོ་ཞིག་མེད་ཚེ་ཁོས་མིའི་རིགས་ལ་དགེ་མཚན་ལྡན་པའི་སྲི་ཞུ་སྒྲུབ་མི་ནུས་ཤིང་སྤྱི་ཚོགས་གང་ཞིག་ལ་ཡང་མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་མེད་ཚེ་འཕེལ་རྒྱས་ཆེན་པོ་འབྱུང་མི་སྲིད་པས་ང་ཚོས་བདེ་ཐང་གི་ལུས་ཕུང་དང་འཕེལ་རྒྱས་ཀྱི་སྤྱི་ཚོགས། འཆམ་མཐུན་གྱི་སློབ་རའི་བྱ་གཞག་ལ་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་ནི་སྨོས་མ་དགོས་སོ། །  
     2019ལོའི་ཟླ3པའི་ཚེས25ཉིན་གྱི་ཕྱི་དྲོ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་བཟོ་བའི་མི་རིགས་མཐུན་སྒྲིལ་གྱི་ལྒང་རྩལ་འགྲན་བསྡུར་དེ་སློབ་གྲྭའི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་མགོ་བརྩམས་པ་རེད། ཐེངས་འདིའི་འགྲན་བསྡུར་ལ་འདྲ་མཉམ་དང་དྲང་བདེན་ཡོངས་ཆེད་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པ་ཡིན་པའི་དགེ་བཟོ་བའི་ལུས་ཕུང་སྦྱོང་བརྡར་གྱི་དམིགས་འདུན་ལག་བསྟར་བྱས་པ་རེད། མི་རིགས་མཐུན་སྒྲིལ་རྟགས་མའི་ལྒང་རྩལ་འགྲན་བསྡུར་ལ་བསྡོམས་པའི་དགེ་བཟོ་བ་64ཞུགས་པ་ཡིན་ལ་དེ་དག་ནི་ཕོ་མོའི་སྐོར་ཁག་གཉིས་སུ་དགར་ཏེ་འགྲན་བསྡུར་ཐེངས12ལ་བྱས་པ་རེད། 
     འགྲན་བསྡུར་འདིའི་སྐོར་ཁག་དགར་སྟངས་ནི་ལོ་རིམ་བདུན་པའི་ཕོ་མོ་རེ་ནས་སྐོར་ཁག་གཅིག་དང་། ལོ་རིམ་བརྒྱད་པའི་ཕོ་མོ་རེ་ནས་སྐོར་ཁག་གཅིགལོ་རིམ་བདུན་པའི་ཕོ་མོ་རེ་ནས་སྐོར་ཁག་གཅིག སྲིད་འཛིན་ཚན་ཁག་གི་ཕོ་མོ་རེ་ནས་སྐོར་ཁག་གཅིག་བཅས་སྐོར་ཁག་བཞི་རུ་དགར་ཡོད་པ་རེད། 
     ཉིན་འགའི་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད་ནས་སྐྱེས་པའི་སྐོར་ཁག་ལས་ཨང་དང་པོ་ནི་ལོ་རིམ་དགུ་བ་དང་ཨང་གཉིས་ནི་ལོ་རིམ་བདུན་པ། ཨང་གསུམ་ནི་སྲིད་འཛིན་ཚན་ཁག་བཅས་ཡིན་ཞིང་། སྐྱེས་མའི་སྐོར་ཁག་ལས་ཨང་དང་པོ་ནི་ལོ་རིམ་བདུན་པ་དང་ཨང་གཉིས་པ་ནི་ལོ་རིམ་བརྒྱད་པ། ཨང་གསུམ་ནི་སྲིད་འཛིན་ཚན་ཁག་བཅས་རེད། 
     ཐེངས་འདིའི་མི་རིགས་མཐུན་སྒྲིལ་རྟགས་མའི་ལྒང་རྩལ་འགྲན་བསྡུར་གྱིས་སློབ་གྲྭའི་དགེ་སློབ་ཀུན་གྱི་སེམས་ལ་ལུས་ཕུང་སྦྱོང་བརྡར་བྱེད་པར་སྔ་ན་མེད་པའི་ནུས་པ་གང་ཡོད་འདོན་དགོས་པའི་སྤྲོ་སྣང་དང་། དགེ་བཟོ་བའི་བདེ་ཐང་གི་རྒྱུ་སྤུས་མཐོར་འདེགས་བྱེད་དགོས་ལ་ནང་སྒོས་སུ་དགེ་གྲོགས་ཕན་ཚུན་ལ་བརྩི་བཀུར་དང་སློབ་སྦྱོང་བྱེད་དགོས་པའི་བསམ་ཚུལ་བསྐྱེད་པར་བྱས་པ་རེད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...