སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱི《ཤུལ་བཞག་ནོར་བུ—དུས་ཀྱིས་མ་ཟད་པའི་གཙུག་ནོར》ཕབ་སྐྲུན་བྱེད་མགོ་བརྩམས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-16 17:14:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གཟུགས་འདས་ཤུལ་བཞག་རིག་གནས་ནི་ཀྲུང་ཧྭའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་དུས་ཀྱིས་མ་ཟད་པའི་མི་རིགས་ཀྱི་སྒེར་གཤིས་དང་ནང་སེམས་ཀྱི་བརྩེ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་གཞི་གཅིག་ཏུ་འདུས་པའི་གཟུགས་འདས་ཀྱི་གཙུག་ནོར་རམ་དམངས་ཁྲོད་དུ་ལྷག་ཅིང་དམངས་ཀྱི་བློ་གཤོགས་ལས་འཁྲུངས་པའི་གཙུག་ནོར་རྩ་ཆེན་དེ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན་མཐོ་སྒང་ལ་འཐོར་བའི་ཤེས་རིག་གི་ས་བོན་མོད་སའམ་རིགས་སོ་སོའི་མི་དམངས་ཡོངས་ཀྱི་བློ་རྩེ་ལས་རྡོལ་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྫོང་མཐུག་ས་ཞིག་སྟེ། ད་ལྟའི་ཆར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས6དང་རྒྱུད་འཛིན་པ4། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས16དང་རྒྱུད་འཛིན་པ10། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས71དང་རྒྱུད་འཛིན་པ107བཅས་ཡོད།
     མི་རིགས་རིག་གནས་ཀྱི་རྨང་གཞིར་གྱུར་པའི་དམངས་ཁྲོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འདི་དག་ལ་མྱུར་སྐྱོབ་དང་རྒྱུད་འཛིན། མཚོ་ལྷོ་ན་ཡོད་པའི་རིག་གནས་རྩ་ཆེན་འདི་དག་ལ་རེག་ཟིན་གདབ་ཆེད། ཉེ་ལམ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་འཆར་འགོད་བྱས་པའི་བརྙན་འཕྲིན་ཆེད་སྒྲིག་དངོས་བྲིས《ཤུལ་བཞག་ནོར་བུ》ཞེས་པའི་ཁག་དང་པོའི་བརྙན་ཕབ་བྱ་བ་དེ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ནས་དངོས་སུ་མགོ་བརྩམས། 
ཁག་དང་པོ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས་སུ་ཚུད་པའི་སྲང་གཞུག་ཨ་རྩེད་དང་སྒྲ་སྙན་དཀྲོལ་ལེན། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་གི་རྣམ་གྲངས་བདུད་རྩི་སྲེག་སྨན་དང་མ་ཎིའི་དབྱངས་རྟ།བོད་ཀྱི་ཕྱིང་ཞྭའི་བཟོ་རྩལ།དཀྱིལ་འཁོར། བོད་ཀྱི་བཙིར་འགྱིགས་སོགས་ལེའུ10ཡིས་གྲུབ་ཅིང་། ད་ལོའི་རྒྱལ་བཙུགས་དུས་ཆེན་སྐབས་སུ་བརྙན་འཕྲིན་ཆེད་སྒྲིག་དངོས་བྲིས《ཤུལ་བཞག་ནོར་བུ》ཞེས་པ་འདི་རྒྱ་ཆེའི་གཟིགས་མཁན་ཀུན་ཀྱི་སྤྱན་སྒོར་དབུལ་རྒྱུ་རེད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...