སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅།།ཀན་སུའུ་ཤ་ཧོ་རྫོང་ནས་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོ་རྙེད་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-22 11:11:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3280ཡོད་པའི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་ཀན་སུའུ་ཞིང་ཆེན་ཤ་ཧོ་རྫོང་གི་བྲག་དཀར་བྲག་ཕུག་ནས་མིའི་རིགས་ཀྱི་མ་མགལ་རུས་པ་རྙེད་པ།
     རང་རྒྱལ་ཚན་རིག་མཁས་ཅན་གྱིས་མངའ་ཁོངས་ཕྱི་ནང་གི་ཞིབ་འཇུག་པ་མང་པོ་དང་མཉམ་འབྲེལ་བྱས་ཏེ《རང་བྱུང》དུས་དེབ་དང་པོའི་ཐོག་རྩོམ་ཡིག་སྤེལ་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3280ཡོད་པའི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་ཀན་སུའུ་ཞིང་ཆེན་ཤ་ཧོ་རྫོང་གི་བྲག་དཀར་བྲག་ཕུག་ནས་མིའི་རིགས་ཀྱི་མ་མགལ་རུས་པ་རྙེད་པ་དེར་གསལ་འབྱེད་བྱས་པ་བརྒྱུད་ཏན་ཉི་སུའོ་ཝའི་མིའི་ཡིན་པ་ཤེས་རྟོགས་བྱུང་བ་རེད།
     ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཡོན་ཧྲེ་ཁྲེན་ཧྥ་ཧུའུ་དང་ལན་ཀྲོའུ་སློབ་ཆེན་ཐོན་ཁུངས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཏུང་ཅུན། འཇར་མན་མཱ་ཕུའུ་སློབ་ཚོགས་ཀྱི་མིའི་རིགས་ཀྱི་འཕེལ་འགྱུར་རིག་པ་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ Jean—Jacques Hublin སོགས་ཀྱིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པས་འགྱུར་རྡོ་རྙེད་སའི་ས་ཆ་དང་དེའི་མཐའ་འཁོར་ས་ཁུལ་དུ་ལོ་བཅུ་ལ་ཉེ་བ་ཞིག་རིང་གནའ་རྫས་ལ་བརྟག་དཔྱད་ཞིབ་ཕྲ་བྱེད་སྐབས་འགྱུར་རྡོ་དེ་དང་མཉམ་དུ་ཡོད་པའི་རིག་གནས་གནའ་རྫས་ཤེས་རྟོགས་བྱུང་སྟེ་ཏན་ཉི་སུའོ་ཝའི་མིའི་རིག་གནས་ནང་དོན་དང་། འཚོ་སྟངས་ཁྱད་ཆོས། ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་པ་སོགས་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་འགག་རྩའི་ཆ་འཕྲིན་མཁོ་འདོན་ཐུབ་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཏན་ཉི་སུའོ་ཝའི་མི་ནི་ལྐོག་གྱུར་དང་རྩ་གཏོར་ཕྱིན་པའི་གནའ་བོའི་མིའི་རིགས་ཀྱི་ཚོགས་པ་ཞིག་རེད། ཤིས་པོ་ལི་ཡའི་ཏན་ཉི་སུའོ་ཝའི་བྲག་ཕུག་ཤེས་རྟོགས་བྱུང་རྗེས་མིང་དེ་ལྟར་ཐོབ་ཡོད། ཚན་རིག་མཁས་ཅན་གྱིས་བྲག་ཕུག་ནས་རྙེད་པའི་མཛུབ་རུས་ལ་DNAཡི་དབྱེ་ཞིབ་བྱས་པ་བརྒྱུད། ཏན་ཉི་སུའོ་ཝའི་མི་ལོ་ཁྲི་3གྱི་གོང་དུ་ད་ལྟ་མིའི་མེས་པོ་དང་མཉམ་དུ་འཇིག་རྟེན་ཐོག་འཚོ་བ་སྐྱེལ་གྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད། ད་ཐེངས་ཞིབ་འཇུག་མི་སྣས་ཀན་སུའུ་ཞིང་ཆེན་ཤ་ཧོ་རྫོང་ནས་རྙེད་པའི་འགྱུར་རྡོ་དེ་ནི་ད་བར་ཨར་ཐེ་ཧྲན་ས་ཁུལ་གྱི་ཏན་ཉི་སུའོ་ཝ་བྲག་ཕུག་ཕུད་ཤེས་རྟོགས་བྱུང་བའི་ཏན་ཉི་སུའོ་ཝའི་མིའི་འགྱུར་རྡོ་དང་པོ་དེ་ཡིན་པ་དང་འབྲེལ་གནའ་རྫས་རིག་པའི་ཐོག་ནས་ཏན་ཉི་སུའོ་ཝའི་མི་ཨེ་ཤེ་ཡ་ཤར་རྒྱུད་དུ་གནས་པ་དཔང་པོ་བྱས་ཡོད།
     ཀན་སུའུ་ཞིང་ཆེན་ཤ་ཧོ་རྫོང་ནས་རྙེད་པའི་འགྱུར་རྡོ་དེའི་མ་མགལ་གཡས་ཀྱི་རུས་པ་ཆ་ཚང་པོ་ཡོད་ལ་རུས་པའི་མཐུག་ཚད་རང་སོར་གནས་ཁར་སོ་ཡང་ཆེན་པོ་ཡོད་པ་རེད། 
     དེ་གོང་འབྲེལ་ཡོད་ཞིབ་འཇུག་ལས་མངོན་པར། ཡི་གེ་མ་བྱུང་གོང་གི་མིའི་རིགས་དང་ད་བར་ལོ་ངོ་ཁྲི་4ཡི་གོང་ནས་མཚོ་བོད་ས་མཐོར་ཡོད་པ་མཚོན་ཡོད། ཡོན་ཧྲེ་ཁྲེན་ཧྥ་ཧུའུ་ཡི་ཞིབ་འཇུག་ཚོགས་པའི་ཤེས་རྟོགས་གསར་ཤོས་ལས་མཚོ་བོད་ས་མཐོའི་ཡི་གེ་མ་བྱུང་གོང་དུ་མིའི་རིགས་བྱུང་བའི་དུས་ཚོད་ད་བར་གྱི་ལོ་ཁྲི་4ནས་ད་ལྟའི་ལོ་16ལ་སྔ་བསྣུར་ཐུབ་ཡོད། དེ་དང་ཆབས་ཅིག་ཞིབ་འཇུག་དེ་ལས་ཏན་ཉི་སུའོ་ཝ་ཡི་མི་དེ་སྔ་ཨེ་ཤེ་ཡའི་ཤར་རྒྱུད་དུ་འཚོ་སྡོད་བྱེད་པའི་འགྱུར་རྡོའི་དཔང་རྟགས་མཁོ་འདོན་ཐུབ་ཡོད། ཏན་ཉི་སུའོ་ཝའི་མིའི་མ་མགལ་རྙེད་པའི་ཆ་འཕྲིན་ཐོག་མར་ཁྱབ་བསྒྲགས་བྱས་པ་དེས་ཏན་ཉི་སུའོ་ཝའི་མི་དང་གནའ་བོའི་མི་ཚོགས་གཞན་གྱི་གཟུགས་པོ་དང་བསྡུར་ཆོག་པ་དེས་ལྐོག་འགྱུར་གྱི་ཏན་ཉི་སུའོ་ཝའི་མི་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་དེ་བས་ཡངས་པའི་ཞིབ་འཇུག་གི་བར་མཐོངས་བཏོད་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...