སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྫོང་རུ་བུམ་པ་རྟགས་མའི་མཐོ་སྒང་འགྲན་རྒྱུག་སྐབས་གཉིས་པ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-10 10:47:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ6པའི་ཚེས10ཉིན། རྫོང་རུ་བུམ་པ་རྟགས་མའི་མཐོ་སྒང་ལྗོངས་ཕྱིའི་འགྲན་སློང་འགྲན་སྡུར་སྐབས་གཉིས་པ་འབའ་རྫོང་འབའ་མདོ་སྡེ་བ་རུ་མགོ་བརྩམས་ཤིང་། ཐེངས་འདིའི་རྫོང་རུ་བུམ་པ་རྟགས་མའི་མཐོ་སྒང་ལྗོངས་ཕྱིའི་འགྲན་སློང་འགྲན་སྡུར་དེ་སྐབས་སྔོན་མའི་ཉིན་གཅིག་གི་དུས་ཡུན་ལས་ཉིན་གསུམ་གྱིས་ཇེ་རིང་དུ་བཏང་ཡོད།
     ཐེངས་འདིའི་བྱ་འགུལ་ལ་ལྗོངས་ཕྱིའི་འགྲན་སློང་འགྲན་སྡུར་ཁོ་ན་མ་ཡིན་པར། སྲོལ་རྒྱུན་མདའ་རྩེད་དང་། མི་གསུམ་གྱི་ལག་རྩེད་སྤོ་ལོའི་འགྲན་སྡུར། དེ་མིན་སྐོར་བྲོའི་འགྲན་སྡུར་དང་། མི་རིགས་ཀྱི་རྒྱན་གོས་འགྲེམ་སྟོན་དང་ཤོམ་འགྲོ། ཞིང་ཆེན་ཕྱི་ནང་གི་རིག་གནས་གསར་སྐྲུན་ཐོན་རྫས་བརྗེ་རེས་སོགས་ཀྱི་བྱ་འགུལ་ཡང་སྤེལ་རྒྱུ་རེད།
     རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་གཙོ་བོ་སྲོལ་རྒྱུན་འགྲན་སྡུར་གྱི་རྣམ་པ་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་པ་རྣམས་ལ་ཐུན་ཏེའི་དབུལ་ཐར་མཁྲེགས་གཏོར་དང་ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར་ཐོན་ལས་སོགས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོམ། 
     ལུས་རྩལ་འགྲན་སྡུར་ལ་བརྟེན་ནས་ལྗོངས་ཕྱིའི་འགྲན་སློང་འགྲན་སྡུར་སྔར་ལས་བཟང་བོ་སྤེལ་ནས་ཐུན་ཏེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་པ་དང་།  ཕྱོགས་ཡོངས་ནས་རྫོང་རུའི་རིག་གནས་དང་ཐུན་ཏེའི་མཛེས་སྡུག་གི་རྣམ་པ་མི་རྣམས་ལ་རོལ་མྱོང་བྱེད་དུ་བཅུག་པ་རེད།
     འབའ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཐང་ཐུན་ཏེ་ཡིས་བཤད་དོན། ལུས་རྩལ་དང་རིག་གནས་ཡུལ་སྐོར་གཉིས་ཟུང་འབྲེལ་ཡིན་པ་ནི་སྐབས་འདིའི་འགྲན་བསྡུར་གྱི་ཁྱད་ཆོས་གཙོ་བོ་ཡིན་ལ། རིག་གནས་ངོས་ཐད་ནས་བཤད་ན་རྫོང་རུ་ནི་ངེས་པར་དུ་གླེང་དགོས་པ་ཞིག་རེད།
     དེའི་རྒྱུ་མཚན་རྫོང་རུའི་གནའ་ཤུལ་ནི་མཱ་ཅ་ཡའོ་རིག་གནས་དེ་མཚོ་སྔོན་ནང་ཁུལ་གྱི་རྨ་ཆུའི་སྟོད་རྒྱུད་དུ་ཁྱབ་པའི་ཆེས་ཐག་རིང་གི་གནས་མཚམས་ཡིན་པ་དང་། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཆེན་པོ་ལྡན་པས་མིང་ལའང་རྫོང་རུའི་རིག་གནས་ཞེས་བཏགས་པ་རེད།
     རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་འགྲན་སྡུར་སྐབས་སུ་འབའ་རྫོང་འབའ་མདོ་སྡེ་བ་ནི་འགྲན་ཞུགས་ལུས་རྩལ་པ་རྣམས་ཀྱི་སྣེ་ལེན་བྱེད་ས་ཡིན་པར་མ་ཟད།དེ་རུ་ད་དུང་སྐོར་བྲོ་དང་ཤོམ་འགྲོ་སོགས་ཀྱི་བྱ་འགུལ་ཡང་མང་པོ་སྤེལ་ནས་མི་ཚང་མ་འབའ་མདོ་རུ་གནས་བཅས་ཏེ།ས་གནས་དེ་གའི་ཞིང་གྲོང་ཡུལ་སྐོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་ཇེ་མང་དུ་བཏང་ནས་ལུས་རྩལ་བྱ་འགུལ་དང་ཞིང་གྲོང་ཡུལ་སྐོར་གཉིས་ཟུང་འབྲེལ་ཡག་པོ་བྱས་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...