སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཁུལ་གྱི་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་བཅར་འདྲིའི་བྱ་འགུལ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-4 11:33:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་གསར། ཀློག་གྲངས།
 
     དུས་རབས་གསར་བའི་རླབས་རྒྱུན་དྲོན་མོ་དང་བསྡོངས་ནས་བོད་ཁུལ་གྱི་རླུང་བརྙན་འཕྲིན་ལ་མཚོན་ནས་བཤད་ན། སྔ་ན་མེད་པའི་འཕེལ་རྒྱས་ཀྱི་མཐོ་རླབས་གསར་བ་གསར་ཞིག་ཏུ་སླེབས་ཡོད་པ་མ་ཟད། དེ་དག་ལ་མཚོན་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་གཟབ་ཉན་དང་། རྟོག་དཔྱོད། དྲིལ་བསྒྲགས་ཀྱི་ལས་ཀའི་འགན་འཁྲི་གཟུར་དུ་མེད་པ་ཞིག་དང་དུ་བླངས་ཡོད་པ་ནི་སྨོས་མ་དགོས།
    དེ་བས། ཞིང་ཆེན་ཕྱི་ནང་གི་ཁུལ་དང་རྫོང་སོ་སོའི་བོད་ཁུལ་གྱི་རླུང་བརྙན་འཕྲིན་སྨྱན་སྦྱོར་བཅུ་དྲུག་གི་འགོ་ཁྲིད་དང་གསར་འགོད་པ་རྣམས་ད་ལོའི7པའི་ཚེས2ཉིན། མཚོ་ལྷོ་ཁུལ་དུ་འབྱོར་བ་དང་མཚོ་ལྷོ་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་ཀྱང་ཁ་བཏགས་དཀར་པོ་དང་འཛུམ་མདངས་དྲོན་མོས་སྨྱན་བྱད་ལས་ཁུངས་སོ་སོར་སྣེ་ལེན་བྱས་པ་མ་ཟད། ཉིན་འདིའི་དགོང་མོའི་ཆུ་ཚོད7:30སྟེང་། བོད་ཁུལ་གྱི་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་བཅར་འདྲིའི་བྱ་འགུལ་ཞེས་པའི་མགོ་རྩོམ་མཛད་སྒོ་ཡང་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་བསྡུས།
    ཐེངས་འདིའ་མགོ་རྩོམ་མཛད་སྒོའི་ཐོག ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝེ་ཞིན་ཧྭ་དང་། ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀི་བིན་ཅོན། ཁུལ་དཔོན་གཞོན་པ་ཝང་ཡུང་བུའུ། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ། ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡང་ཧེ་ལུང་སོགས་ཕེབས་ནས་བོད་ཁུལ་གྱི་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་གྱིས་མཚོ་ལྷོར་པའི་བསྐྱོད་པའི་བཅར་འདྲིའི་བྱ་འགུལ་ལ་གཟིགས་མཐོང་ཆེན་པོ་གནང་བ་ཟད། བོད་ཁུལ་གྱི་ཞིང་ཆེན་བཞིའི་རླུང་བརྙན་འཕྲིན་ལྷན་འབྲེལ་སྨྱན་བྱད་ཀྱི་འཐུས་ཚབ་པར་བཅར་འདྲིའ་བྱ་འགུལ་དངོས་སུ་མགོ་བརྩམ་པའི་དར་བྱང་གནང་།
     འདི་ནི་ངེས་པ་དོན་གྱིས་ཞིང་ཆེན་བཞིའི་བོད་ཁུལ་གྱི་རླུང་བརྙན་འཕྲིན་གྱི་སྨྱན་སྦྱོར་ལས་ཁུངས་རྣམས་ཕན་ཚུན་མཉམ་འདྲེས་སུ་སོང་བའི་མཆོངས་བསྐྱོད་ཆེན་མོ་ཞིག་སྟེ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70འཁོར་བ་དང་། སྒོས་སུ་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་འདས་ཟིན་པའི་མཚར་སྡུག་གི་འགྲུལ་བཞུད་ལ་ཕྱིར་ལྟ་དང་མ་འོངས་པའི་མདུན་སྐྱོད་དང་འཕེལ་རྒྱས་ཀྱི་ཆེད་དུ་མཐུན་སྒྲིལ་དང་དཔུང་བ་མཉམ་གཤིབ་ཀྱིས་བསྐྱོད་པའི་སྨྱན་སྦྱོར་ལས་ཁུངས་ཀྱི་དཔུང་སྡེ་ཆེན་པོ་ཞིག་ཀྱང་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...