སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཡུ་དཀར་འོམ་ལུང་ཤང་གི་སྐབས་བཞི་བའི་མི་རིགས་མཐུན་སྒྲིལ་རྟགས་མའི་རྟ་རྒྱུག་འགྲན་ཚོགས།
རྩོམ་པ་པོ། ཚེ་དབང་རིག་འཛིན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-4 11:42:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ98དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་སྔོན་དུ་བཏང་ནས་མི་རིགས་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་ཆེས་ཆེར་གཏོང་བ་དང་བོད་མིའི་སྐྱ་རྩལ་མངོན་སྟངས་སྟེ་མི་རིགས་ཤུལ་བཞག་རིག་གནས་ལ་དོ་སྣང་དང་གཞོགས་འདེགས་བྱ་ཆེད། ཟླ7པའི་ཚེས2ཉིན་གཡུ་དཀར་འོམ་ལུང་ཤང་གིས་རྐང་ཚ་རྫོང་རྟ་རྒྱུག་ར་བར་རྟ་རྒྱུག་འགྲན་བསྡུར་སྐབས་བཞི་བ་སྤེལ།
     ཐེངས་འདིའི་རྟ་རྒྱུག་ལ་ཁྱོན་བསྡོམས་པའི་རྟ81ཡོད། རྒྱུག་སྟངས་ལ་གོམ་རྟ་སྨི1000ཅན་དང་། གོམ་རྟ་སྨི3000ཅན། བང་རྒྱུག་སྨི3000ཅན་བཅས་རྒྱུག སོ་སོར་ཨང་དང་པོ་ནས་དྲུག་པའི་བར་བྱ་དགའ་གནང་བ་མ་ཟད་རྟ་བ་དག་གིས་ཤན་འབྱེད་པའི་དྲང་བདེན་དྲང་བཞག་ལ་ཡིད་ཚིམ་པའི་རྣམ་འགྱུར་བསྟན་ལ་གྱ་ནོམ་པའི་གཟེངས་རྟགས་ཐོབ་པར་དགའ་བ་འབུམ་གྱིས་མྱོས།
     ཉེ་བའི་ལོ་འདི་དག་ལ། གཡུ་དཀར་འོམ་ལུང་ཤང་ཏང་ཨུ་དང་ཤང་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག རིགས་སོ་སོའི་མི་མང་ལ་མཐུན་སྒྲིལ་དམ་ཞིང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། གྲུབ་ཚུལ་ལེགས་སྒྲིག་བསྒྱུར་བཅོས་སྐུལ་འདེད།དམངས་འཚོར་ཕན་པ་བཅས་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་གྱི་ཆེ་རུ་ཕྱིན་པ་དང་། རོང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་པ་མངོན་པར་མཚོན་ནོ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...