སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་བཟོ་རྩལ15ཞིང་ཆེན་རིམ་པའི་མིང་བྱང་དུ་ཚུད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-5 11:25:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།

སྡེ་དགེ་པར་ཁང་གི་པར་འདེབས་བཟོ་རྩལ།

ཉག་རོང་གི་སྨན་འདམ་འབག་བཟོའི་ལག་རྩལ།

ཀརྨ་སྒར་བྲིས་ཀྱི་ཞལ་ཐང་།

དཔལ་ཡུལ་གྱི་རྡུང་བཟོའི་ལག་རྩལ།

བསླས་འཐག་ལག་རྩལ།

རོང་བྲག་གི་གནའ་མཁར།

འདབ་པའི་རྫ་བཟོའི་ལག་རྩལ།

གེ་སར་གྱི་ཚོན་རིས་རྡོ་བརྐོས།
    ཉེ་སྔོན། དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་རིག་དངོས་ཁང་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་ཞིང་ཆེན་ནོར་སྲིད་ཐིང་དང་གྲོས་འཆམ་བྱུང་བར་བརྟེན། ཁག་དང་པོའི་སི་ཁྲོན་ཞིང་ཆེན་གྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག་བསྒྲིགས་ཤིང་། སྲོལ་རྒྱུན་བཟོ་རྩལ88བདམས་པ་ལས་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་བཟོ་རྩལ་ཁག15དཀར་ཆག་དེའི་ནང་ཚུད་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན།《ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་འཆར་གཞི》དང《སི་ཁྲོན་ཞིང་ཆེན་གྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ལག་བསྟར་འཆར་གཞི》ཡི་རྒྱལ་ཁབ་དང་ཞིང་ཆེན་གྱི“སྲོལ་རྒྱུན་བཟོ་རྩལ་དར་རྒྱས་དཀར་ཆག”འཛུགས་པའི་སྐོར་གྱི་ལས་འགན་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། དཀར་ཆག་དེའི་ནང་རྒྱུན་འཛིན་རྨང་གཞི་དང་འཕེལ་རྒྱས་ཀྱི་མདུན་ལམ་ངེས་ཅན་ལྡན་པ་དང་རྒྱུན་འཛིན་བྱེད་མཁན་གྱི་མི་ཚོགས་ཅུང་མང་བ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་པ་ཡོད་པ། རྒྱལ་ཁབ་བམ་སི་ཁྲོན་གྱི་སྤུས་རྟགས་ཆགས་པའི་སྲོལ་རྒྱུན་བཟོ་རྩལ་ཁག  དེ་བཞིན་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་ཕྱོགས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ལས་ཞུགས་ཀྱི་རྣམ་གྲངས་རྒྱ་ཆེར་གཏོང་བར་ཡང་ཕན་ཐོགས་ཡོད་པ་རེད།
     དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་བཟོ་རྩལ་ཁག15སི་ཁྲོན་ཞིང་ཆེན་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་དཀར་ཆག་དེའི་ནང་ཚུད་ཡོད་དེ། གསེར་རྟ་རྫོང་གི་བོད་རིགས་ཀྱི་ནོར་ལུག་གི་བསླས་འཐག་ལག་རྩལ་དང་། ཁམས་པའི་བོད་རིགས་ཀྱི་རྒྱན་གོས་འཚེམ་བཟོའི་ལག་རྩལ། དར་མདོ་གྲོང་ཁྱེར་གྱི་མི་ཉག་བོད་ཆས་འཚེམ་བཟོའི་ལག་རྩལ། སྡེ་དགེ་པར་ཁང་གི་བརྐོས་རིས་ལག་རྩལ། གེ་སར་གྱི་ཚོན་རིས་རྡོ་བརྐོས། ཉག་རོང་རྫོང་གི་སྨན་འདམ་འབག་བཟོའི་ལག་རྩལ། རོང་བྲག་རྫོང་གི་བོད་རིགས་ཀྱི་མཁར་རྫོང་བཟོ་སྐྲུན་ལག་རྩལ། དཔལ་ཡུལ་རྫོང་གི་ཟངས་རྡུང་བའི་ལག་རྩལ། དཔལ་ཡུལ་རྫོང་དང་སྡེ་དགེ་རྫོང་གི་བོད་རིགས་ཀྱི་ལྕགས་རིགས་ཐོན་རྫས་ལས་སྣོན་ལག་རྩལ། ཀརྨ་སྒར་བྲིས་ཀྱི་ཐང་གའི་ལག་ཤེས་བཟོ་རྩལ། ནམ་མཁའ་རྒྱན་གྱི་ཐང་གའི་ལག་ཤེས་བཟོ་རྩལ། འདབ་པ་རྫོང་གི་རྫ་ནག་སྲེག་བཟོའི་ལག་རྩལ། སྡེ་རོང་རྫོང་གི་བོད་ཁུལ་གྱི་དམངས་ཁྲོད་རྐང་འཁོར་དཔེ་བཟོའི་ལག་རྩལ་དང་བོད་ལུགས་གསོ་རིག་དང་བོད་སྨན་བཅས་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...