སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྨ་ཡུལ་དར་ལག་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-16 9:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

རྨ་ཡུལ་དར་ལག་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ།
     མཚོ་སྔོན་ཞིང་ཆེན“མི་རིགས་མཐུན་སྒྲིལ་ཡར་ཐོན་རྟགས་མའི”ནུབ་བྱང་གི་ལྗོངས་ཞིང་ལྔའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་རྟ་རྒྱུག་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པ་དང་དར་ལག་རྫོང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་བ་དེ་སྤྱི་ཟླ7པའི་ཚེས22ཉིན་ནས་ཚེས27ཉིན་གྱི་བར་མཚོ་སྔོན་དར་ལག་གླིང་དཀར་རྟ་རྒྱུག་འདུ་ར་རུ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན།
     ཐེངས་འདིའི་དབུ་རྩོམ་མཛད་སྒོའི་ཐོག་ཏུ་བོད་ཁུལ་གྱི་མིང་གྲགས་ཅན་གྱི་གླུ་བ་གླུ་མ་དག་གདན་འཛོམས་བྱུང་སྟེ་གླུ་གཞས་དང་བྲོ་གར་གསར་རྩོམ་གྱི་མཆོད་སྐྱེམས་གྱ་ནོམ་པ་འབུལ་རྩིས་ཡོད་པས། བོད་ཟླ་དྲུག་པའི་རྨ་ཡུལ་དར་རྩྭ་ཐང་ནི་སྐུ་ཉིད་ཀྱི་ངལ་གསོའི་དབུགས་དབྱུང་ཕྱུང་སའི་སེམས་ཀྱི་བསྟི་གནས་དེ་ཡིན་ལ། ངོ་མཚར་ལྟད་མོ་དང་གླུ་བྲོ་གཞས་གསུམ་ལ་ལོངས་སུ་སྤྱོད་སའི་ལྷ་ཡི་དགའ་ཚལ་དེའང་ཡིན་ནོ།། དེ་བས་ཕྱོགས་ཀྱི་སྐུ་མགྲོན་དག་དུས་ལྟར་རྨ་ཡུལ་དར་ལག་ཏུ་ཕེབས་པར་དགའ་བསུ་ཞུ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...