སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས19བ་རེབ་གོང་དུ་འཚོགས།
རྩོམ་པ་པོ། ཀོ་དོ་མཁན་པོ་དང་རྡོ་རྗེ་དཔལ། འོད་གསལ་མཚོ། ནོར་བུ་བཅས་ཀྱིས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-19 14:26:00 རྩོམ་ཁུངས། རྔ་བའི་འཕྲིན་སྟེགས། ཀློག་གྲངས།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས19བ་རེབ་གོང་དུ་འཚོགས།

རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཞུའེ་ཅོན་གྱིས་གསུང་བཤད་གནང་།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་ཤིས་ཚིག་གནང་གིན་ཡོད། 

རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀའོ་ཀུང་ཀྲིས་ཤིས་ཚིག་འབུལ་བཞིན་པ། 

རྨ་ལྷོ་ཚགས་པར་ཁང་གི་འགོ་ཁྲིད་རྒན་པ་ཚོར་ཁ་བཏགས་འབུལ་བཞིན་པ།
     རེབ་གོང་རིག་པའི་འབྱུང་གནས་ཞེས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་འབར་བའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་ས་ཆར་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་གྱི་ལས་རིགས་པ་རྣམས་ལྷན་དུ་འཛོམས་ནས། སྤྱི་ཟླ7པའི་ཚེས19ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི་ཁུལ་སྲིད་གྲོས་ཚོགས་ཁང་ནས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས19པ་དངོས་སུ་མགོ་བརྩམས་པ་རེད། སྐབས་འདིའི་ཚོགས་འདུ་རྨ་ལྷོ་གསར་འགྱུར་ཁང་གིས་སྒྲུབ་གཙོ་བྱས།
     སྐབས་འདིའི་ཚོགས་འདུ་མགོ་འཛིན་པའི་མཛད་སྒོར། རྨ་ལྷོ་ཁུལ་དམངས་འཐུས་ཀྱི་ཀྲུའུ་རེན་ཀླུ་རྒྱལ་ཚེ་རིང་སོགས་འགོ་ཁྲིད་རྣམས་ཞུགས་ཤིང་། ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཞུའེ་ཅོན་གྱིས་གཏམ་བཤད་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན་དང་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་ཤིས་ཚིག་ཕུལ་བ་དང་། རྨ་ལྷོ་ཚགས་པར་ཁང་གི་ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་ཀའོ་ཀུང་་ཀྲིས་ཤིས་ཚིག་ཕུལ་བར་མ་ཟད། རྨ་ལྷོ་ཚགས་པར་ཁང་གི་སྐབས་དུ་མའི་འགོ་ཁྲིད་རྣམས་ལ་ཁ་བཏགས་ཀྱང་ཕུལ། རྨ་ལྷོ་ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཏུའུ་ཝུན་ཅུན་གྱིས་ཚོགས་འདུའི་གཙོ་འགན་ཁུར།
     རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ཚོགས་འདུ་ལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་ཉིན་རེའི་གསར་འགྱུར་ཁང་། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་། སྦྲང་ཆར་རྩོམ་སྒྲིག་ཁང་། སི་ཁྲོན་ཁམས་པའི་བརྙན་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་བོད་ཡིག་དྲ་བ་སོགས་བོད་ཀྱི་ཚགས་པར་དང་བརྙན་འཕྲིན། དུས་དེབ། རྒྱང་སྒྲོག དྲ་བ་བཅས་ཀྱི་ལས་ཁུངས་40ལྷག་དང་སྨྱན་སྦྱོར་ལས་རིགས་པ་70ལྷག་ཞུགས་ཡོད་ཅིང་། ཚེས་19ཉིན་ནས་ཚེས་22ཉིན་བར་གསར་འགྱུར་ལེགས་ཤོས་དང་དཔྱད་རྩོམ་ལེགས་ཤོས། འགྱུར་ལེགས་ཤོས་290ལྷག་ལ་དཔྱད་འདེམ་དང་། སྐབས་འདིའི་ཚོགས་འདུར་སྨྱན་སྦྱོར་ལས་ཁུངས་སོ་སོ་ནས་བསྐུར་བའི་བརྡ་ཆད་གསར་བ་དག་བརྡ་ཆད་གསར་བ་དུ་མ་གཅིག་གྱུར་བྱས་ནས་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་ཁོངས་སུ་བེད་སྤྱོད་རྒྱུ་རེད། དེ་མིན་རེབ་གོང་དྲུག་པའི་ཀླུ་རོལ་དང་རེབ་གོང་སྒྱུ་རྩལ་དཔེ་སྟོན་དུད་ཁྱིམ། ཀླུ་སྒྲུབ་སྒྱུ་རྩལ་གླིང་། རིག་འབྱུང་རེབ་གོང་སྒྱུ་རྩལ་བརྒྱུད་སྦྱོང་ལྟེ་གནས། ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་སོགས་ལ་དངོས་སུ་སོང་སྟེ་བཅར་འདྲི་བྱེད་རྒྱུ་རེད། གསར་འགྱུར་སྨྱན་སྦྱོར་ལས་རིགས་པ་རྣམས་ཀྱིས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ། དུས་རབས་གསར་བའི་བོད་ཡིག་སྨྱན་སྦྱོར་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་རྒྱུ་རེད་དོ། །

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...