སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་ཚོན་མེད་ཐང་ཀ་དང་སྦྲ་ནག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-22 15:26:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     རྒྱུས་ལོན་པ་ལྟར་ན། འཛམ་གླིང་སྟེང“ཆེས་རིང་བའི་ཚོན་མེད་ཐང་ཀ”དང“ཆེས་ཆེ་བའི་སྦྲ་ནག”གཉིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚོ་སྔོན་ཡུལ་ཤུལ་ནས་བྱུང་སྟེ་འཛམ་གླིང་གི་ཟིན་ཐོ་བསྐྲུན་ཞིང་། ཟླ7པའི་ཚེས13དང་ཚེས15ཉིན་འཛམ་གླིང་གི་ཟིན་ཐོ་ངོས་འཛིན་ར་སྤྲོད་ལས་ཁུངས(བསྡུས་མིངWRCA)ཀྱིས་འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་དཔང་ཡིག་སྤྲད་པ་རེད།
     རྒྱུས་ལོན་པ་ལྟར་ན། འཛམ་གླིང་གི་ཟིན་ཐོ་ངོས་འཛིན་ར་སྤྲོད་ལས་ཁུངས་ཀྱིས་ཡུལ་དངོས་ནས་དཔྱད་ཞིབ་བྱས་པ་བརྒྱུད། རིང་ཚད་ལ་ལི་སྨི20000ཅན་གྱི་ཚོན་མེད་ཐང་ཀ《རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལོ་རྒྱུས》འཛམ་གླིང་སྟེང“ཆེས་རིང་བའི་ཚོན་མེད་ཐང་ཀ” རུ་ངོས་འཛིན་བྱས་ཤིང་། ཐང་ཀ་དེ་ལོ་བཞི་ལ་སྒྲིག་བཟོ་བྱས། དེ་བཞིན་མཚོ་སྔོན་ནང་ཆེན་ནས་ནོར་ནག་གི་རྩིད་པས་ལག་བཟོ་བྱས་པའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ1838.37 དང་མཐོ་ཚད་ལ་སྨི6ཅན་གྱི་སྦྲ་ནག འཛམ་གླིང་སྟེང“ཆེས་ཆེ་བའི་སྦྲ་ནག”ལ་ངོས་འཛིན་བྱས། སྦྲ་ནག་དེ་ནང་ཆེན་རྫོང་གི་ཁྱིམ་ཚང་བདུན་གྱི་མི60ཡིས་ནོར་རྩིད་རྒྱ་མ5000སྤྱད་ནས་ལོ3ལ་ལག་བཟོ་བྱས་པ་ཡིན་ལ། སྦྲ་ནག་ནང་དུ་མི700ཤོང་ཐུབ་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...