སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས19པ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།
རྩོམ་པ་པོ། ལྷ་ཆེན་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-24 11:28:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     སྤྱི་ཟླ7པའི་ཚེས22ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་ཧོང་ཧྥུང་ཏི་མགྲོན་ཁང་ཆེན་མོའི་ཚོགས་ཁང་ནས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས19བ་བདེ་བླག་ངང་གྲོལ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་མཇུག་འགྲིལ་མཛད་སྒོར་གཙོ་སྐྱོང་གནང་བ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་གྱིས་སྤྱི་བསྡོམས་གནང་། ཐེངས་འདིའི་ཚོགས་ཐོག་ཏུ་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་ཡིག་གི་སྨྱན་སྦྱོར་ལས་རིགས་ཀྱི་འགོ་ཁྲིད་དང་འགན་འཁུར། ལས་བཟོ་བ་བཅས་མི70ལྷག་ཞུགས་ཡོད་པ་རེད། སྐབས་འདིའི་ཚོགས་འདུར་སྨྱན་སྦྱོར་ལས་ཁུངས་སོ་སོ་ནས་བསྐུར་བའི་གསར་འགྱུར་ལེགས་ཤོས་སོགས་རྩོམ303འབྱོར་ཡོད་ཅིང་། དེ་དག་ལས་བདམསཐོན་བྱུང་བའི་གསར་འགྱུར་ལེགས་ཤོས་དང་འགྱུར་ལེགས་ཤོས། དཔྱད་རྩོམ་ལེགས་ཤོས་སོགས་རྩོམ230ལ་བྱ་དགའ་ཐོབ་ཡོད་པ་དང་། དེའི་ནང་རང་རེའི་ལས་ཁུངས་ཀྱི་རྩོམ6ཚུད། 
     རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ཚོགས་འདུ་ལ་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་། སྦྲང་ཆར་རྩོམ་སྒྲིག་ཁང་། སི་ཁྲོན་ཁམས་པའི་བརྙན་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་བོད་ཡིག་དྲ་བ་སོགས་བོད་ཀྱི་ཚགས་པར་དང་བརྙན་འཕྲིན། དུས་དེབ། རྒྱང་སྒྲོག དྲ་བ་བཅས་ཀྱི་ལས་ཁུངས40ལྷག་དང་སྨྱན་སྦྱོར་ལས་རིགས་པ་70ལྷག་ཞུགས་ཡོད།ཚོགས་ཐོག་ཏུ་སྨྱན་སྦྱོར་ལས་ཁུངས་སོ་སོ་ནས་བསྐུར་བའི་བརྡ་ཆད་གསར་པ81དཔྱད་སྡུར་གཏན་འབེབས་བྱས་ནས་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་སོ་སོ་ནས་བེད་སྤྱོད་གཏང་རྒྱུ་རེད། ཚོགས་འདུའི་རིང་ལ། རེབ་གོང་རྫོང་རོང་བོ་གྲོང་རྡལ་ས་དཀྱིལ་སྡེ་བར་ཡོད་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་དྲུག་པའི་ཀླུ་རོལ་དང་། རེབ་གོང་སྒྱུ་རྩལ་དཔེ་སྟོན་ཁྱིམ་ཚང་། རིན་ཆེན་རེབ་གོང་སྒྱུ་རྩལ་ཁྲིད་སྦྱོང་ཁང་བཅས་ལ་བཅར་འདྲི་བྱས་པ་དང་། ཀྲུང་གོའི་ཆེས་མཛེས་པའི་སྤྲོ་གསེང་གྲོང་སྡེ་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོ་དང་ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་ས་གཤིས་སྤྱི་གླིང་དུ་བསྐྱོད་ནས་རེབ་གོང་ཡུལ་གྱི་ཕྱིའི་ར་བ་ཁང་ཁྱིམ་དང་ནང་བཅུད་ཀྱི་རིག་གནས་ཡུལ་སྲོལ་ལ་ཤེས་རྟོགས་རགས་ཙམ་བྱས།
     ཐེངས་འདིའི་སྨྱན་སྦྱོར་ཚོགས་འདུ་ནི་རྨ་ལྷོ་ཚགས་པར་ཁང་གིས་གཙོ་སྒྲུབ་དང་རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས་ནས་སྤེལ་བ་རེད་ལ། ཚོགས་ཐོག་ཏུ་ཚོགས་ཐེངས་རྗེས་མ་སྟེ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཚགས་པར་ཁང་དང་ཡོངས་འཛིན་གཉིས་ཀྱིས་འགན་བཞེས་ནས་བསྒྲུབ་རྒྱུ་ཐག་བཅད་པ་རེད།
 
 
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...