སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀླུ་ཆུའི་སྐོར་བྲོ་འཁྲབ་སྟོན་དང་ཁང་འཁོར་ཡུལ་སྐོར་ཚོགས་ཆེན་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-29 9:57:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     སྤྱི་ཟླ7པའི་ཚེས25ཉིན། སྐབས་བདུན་པའི་ཀྲུང་གོ·ཀླུ་ཆུའི་སྐོར་བྲོ་འཁྲབ་སྟོན་དང་སྐབས་གཉིས་པའི་ཁང་འཁོར་ཡུལ་སྐོར་ཚོགས་ཆེན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཤ་ཙེ་ཐང་རྩྭ་ཐང་དུ་འཚོགས་པ་རེད། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ནས་ཡོང་བའི་རུ་ཁག་31གི་སྐོར་བྲོ་འཁྲབ་མཁན་དང་ས་གནས་དེ་གའི་མང་ཚོགས་ཀྱིས་རྩྭ་ཐང་ཐོག་གླུ་ལེན་གར་འཁྲབ་བྱས་པས་དབྱར་གཞུང་གི་རྩྭ་ཐང་ནས་དགའ་སྤྲོ་འཁོལ་བའི་རྣམ་པ་མངོན།
     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྐོར་བྲོ་འཁྲབ་སྟོན་གྱི་དུས་ཡུན་ཉིན་གསུམ་ཡིན་པ་དང་། དེའི་རིང་ད་དུང་མེ་ཕུང་དགོང་ཚོགས་དང་། བོད་རིགས་ཀྱི་རྒྱན་གོས་འགྲེམས་སྟོན། ཁང་འཁོར་སྐོར་སྐྱོད་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...