སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡུལ་ཤུལ་ནི་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བདམས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-29 10:01:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས།
     སྤྱི་ཟླ7པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས་པའི་ཡུལ་ཤུལ་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་དང་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན། གཙང་གསུམ་ཆུའི་རིག་གནས་དུས་ཆེན་གྱི་མགོ་རྩོམ་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚེ་རིང་ཐར་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བདམས་པའི་འགེལ་བྱང་སྤྲད།
     ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཐོག་མ་དང་།ཀྲུང་གོའི་ཨང་གཉིས་པ་ཡིན་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུབ་བཞི་མ26.7ཡོད་པ་དང་།ཁོངས་གཏོགས་སུ་གྲོང་ཁྱེར་གཅིག་དང་རྫོང་ཁག་ལྔ་ཡོད།2018ལོར་བསྡོམས་རྩིས་བྱས་པའི་སྤྱིའི་མི་གྲངས་ཁྲི41.66ཡོད་ཅིང་།བོད་རིགས་ཀྱིས་སྤྱིའི་མི་གྲངས་ལས98%ཟིན་ཡོད།དེ་མིན་རྒྱ་རིགས་དང་ཧོས་རིགས། ཧོར་རིགས། སོག་རིགས། ཟ་ལར་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད།
 
      ཡུལ་ཤུལ་བཅིངས་བགྲོལ་བྱས་པའི་ཚུན་དུ། སྐབས་རིམ་བྱུང་གི་ཡུལ་ཤུལ་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་ཡུན་རིང་གི་ལས་ཀ་ཞིག་ཏུ་རྩིས་ནས།དུས་རབས་སྔོན་མའི་ལོ་རབས80ནས་བཟུང་།ཁུལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཟླ་གཅིག་རིང་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུལ་ཤུལ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་བོད་རིགས་ས་ཁུལ་གྱི་ལས་དོན་ཚོགས་འདུ། རྒྱལ་ཡོངས་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་རེད།
      མཛད་སྒོའི་སྟེང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ཞིབ་བཤེར་སིའི་སི་ཀྲང་གཞོན་པ་ལི་ཀྲུང་ཞི་ཡིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་གནང་བའི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”ཞེས་པའི་གཏན་འབེབས་སྒྲོག་སྦྱངས་གནང་སྐབས།(གཤམ་དུ《གཏན་འབེབས》ཞེས་བརྗོད་རྒྱུ)ཡུལ་ཤུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ཁྲིད་སྟོན་དུ་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ”འཛུགས་སྐྲུན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད”པའི་སྤྱིའི་དམིགས་ཚད་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་གཏིང་ཟབ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
       《གཏན་འབེབས》ནང་བསྟན་དོན། ཡུལ་ཤུལ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་འཆར་འགོད་མཐའ་འཁྱོངས་བྱས་ནས། གསར་གཏོད་ལས་དོན་རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་སྟེ་གསར་གཏོད་ལས་དོན་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ། དྲིན་ཚོར་སློབ་གསོར་ཤུགས་སྣོན་པ་དང་། རིག་གནས་ངོས་འཛིན་གཅིག་མཐུན་ཡོང་བར་སྣེ་ཁྲིད་པ།ཡུལ་ཤུལ་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། མང་ཚོགས་ཀྱི་བདེ་སྐྱིད་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་ཡོང་བ་བྱེད་དགོས། ཏང་འཛུགས་སྐྱོང་གིས་མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་པར་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད།
       《གཏན་འབེབས》ལས།མཚོ་སྔོན་ཡུལ་ཤུལ་ལ་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་ཁུལ་གྱི་མཚན་སྙན་གནང་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རྒྱུན་མཐུད་ཡར་བརྩོན་གྱིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་བསྐྲུན་རྒྱུར་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིན་ཐང་འདུ་ཤེས་རྒྱ་ཁྱབ་ངང་དར་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་འགན་ལེན་དང་སྲ་བརྟན་དུ་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་རེ་བ་བཏོན་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...