སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅༎ཀན་སུའུ་བོད་རིགས་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཏེ་དམངས་ཁྲོད་རྩེད་རིག་རྒྱུད་འཛིན་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-30 11:06:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     སྤྱི་ཟླ7པའི་ཟླ་མཇུག་ནི་རྩྭ་ཐང་ཐོག་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ཡིན་ལ། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ནས་ཡོང་བའི་བོད་རིགས་མང་ཚོགས་བསང་ཁོག་རྩྭ་ཐང་དུ་འཛོམས་ནས་སྲོལ་རྒྱུན་གྱི་གཞས་གཏོང་བཞིན་གར་འཁྲབ་པ་རེད། བྱེད་ཐབས་དེར་བརྟེན་ནས་གངས་ལྗོངས་ས་མཐོའི་ཡུལ་སྲོལ་གོམས་གཤིས་འདུས་ཡོད་པའི་རྩེད་རིག་རིག་གནས་རྒྱུན་འཛིན་བྱས་པ་རེད། 
     རྩེད་རིག་ནི་རོལ་རྩེད་ཀྱི་བྱེད་སྒོ་རིགས་ལ་གོ་དགོས་སྟེ། དཔེར་ན་བོད་ཀྱི་མིག་མངས་དང་། བོད་ཀྱི་གཞས་དང་བྲོ། རྟ་རྒྱུག་རོལ་རྩེད་སོགས་དང་། འཁྲབ་པ། ལེན་པ་སོགས་ཚང་མར་རྩེད་རིག་ཅེས་བརྗོད་ཀྱི་ཡོད།
     བླ་བྲང་གི་རྩེད་རིག་གི་སྒྱུ་རྩལ་རང་བཞིན་ཅུང་ཆེ་སྟེ། རོལ་དབྱངས་དང་། གླུ་གཞས། གླུ་དབྱངས་བཅས་གསུམ་གཞི་གཅིག་ཏུ་སྦྲེལ་ནས་གྲུབ་བ་དང་། རྣམ་འགྱུར་གསལ་ལ། གར་སྟབས་ཉམས་ལྡན། “ལམ་གསུམ་འཁྱོག་པའི”Sཡི་རྣམ་པའི་རིགས་མང་། 
     རྩེད་རིག་ནི་བླ་བྲང་གི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བསང་ཆུའི་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་ཞིག་ཀྱང་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་མཆོག་ནོར་ཞིག་ཀྱང་ཡིན་ནོ༎

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...