སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས11པ་གཏེར་ལེན་ཁ་རུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-1 10:50:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས།
 མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས11པ་གཏེར་ལེན་ཁ་རུ་བསྡུས།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་བྷོ་ཡིས་གཏམ་བཤད་གནང་བཞིན་པ།

ཀྲུང་གོ་མི་རིགས་ལོ་ཙཱ་ཅུའུ་བོད་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཟླ་བ་ཚེ་རིང་གིས་འཆད་ཁྲིད་བྱེད་བཞིན་པ།

ཀྲུང་གོ་མི་རིགས་ལོ་ཙཱ་ཅུའུ་སོག་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཧ་སིན་གྱིས་འཆད་ཁྲིད་གནང་བཞིན་པ།

བྱ་དགའ་ཐོབ་པའི་དཔྱད་རྩོམ་ལ་གཟེངས་རྟགས་གནང་བཞིན་པ།
     ཟླ7པའི་ཚེས31ཉིན་གྱི་སྔ་དྲོར་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གྲངས་ཉུང་མི་རིགས་སྐད་ཡིག་ལོ་ཙཱའི་གཞུང་སྒྲུབ་ཁང་། མཚོ་སྔོན་མི་རིགས་སྐད་ཡིག་ལོ་ཙཱ་བྱ་བའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཚོ་ནུབ་ཁུལ་སོག་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གཉིས་ཀྱིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅུ་གཅིག་པ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་འཚོགས། 
     ཚོགས་འདུའི་སྟེང་། མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་ཀའོ་ཆིན་གྱི་ཤིས་ཚིག་ཕུལ་བ་དང་།མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་བྷོ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐོར་གཟིགས་པ་གཞོན་པ་མཱ་ཁྲིན་ལཱོང་གིས་གཏམ་བཤད་གནང་།
     ཚོགས་འདུའི་སྟེང་། རང་ཞིང་གི་ས་ཁུལ་སོ་སོ་ནས་ཕེབས་པའི་མི་རིགས་སྐད་ཡིག་གི་ལོ་ཙཱ་དང་། དཔེ་སྐྲུན། གསར་འགྱུར། སློབ་དཔྱོད་བཅས་ཀྱི་བྱ་བ་སྒྲུབ་མཁན་དང་ཆེད་མཁས་པ། གཏེར་ལེན་ཁ་ས་ཁུལ་གྱི་མི་རིགས་སྐད་ཡིག་ལ་འབྲེལ་བ་ཡོད་པའི་ལས་ཁུངས་བཅས་ཀྱི་འཐུས་མི90ལྷག་ཞུགས་ཡོད།
     ཐེངས་འདིའི་བགྲོ་གླེང་སྟེང་འབྱོར་བའི་དཔྱད་རྩོམ་དག་ལ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་དཔྱད་འདེམས་བྱས་པ་བརྒྱུད། རབ་བརྟན་རྒྱ་མཚོའི་དཔྱད་རྩོམ《བོད་ཀྱི་གྲངས་ཀའི་རིག་གནས་ཀྱི་འཕེལ་འགྱུར་དང་ལོ་ཙཱའི་གནད་དོན་ལ་དཔྱད་པ་ཞིབ་མོ་རྣམ་བཞག》ཅེས་པར་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། རིག་འཛིན་གྱི《བོད་ཡིག་མངོན་བརྗོད་རྒྱ་ཡིག་ལ་སྒྱུར་ཐབས་གྱི་ཞིབ་འཇུག》ཅེས་པ་དང་གླིང་རྒྱལ་དཔའ་ཆེན་རྒྱལ་གྱི《མཁས་དབང་དོན་གྲུབ་རྒྱལ་གྱི་ལོ་ཙྰའི་བསམ་བློ་དང་ལོ་ཙཱའི་རིན་ཐང་ལ་ཐོག་མར་དཔྱད་པ》ཞེས་པར་ཨང་གཉིས་པ། ཞི་ཧྲི་ཧྥང་གི《དེབ་ཐེར་དཔྱིད་གྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བའི་རྒྱ་འགྱུར་གཉིས་ཀྱི་ལོ་ཙཱའི་དཔྱད་བརྗོད་དང་རོལ་མྱོང》དང་ཀླུ་མོ་མཚོའི《ཐང་སིན་བླ་མའི་རྟོགས་བརྗོད་བོད་འགྱུར་མ་ལས་མི་ཟན་རིང་ལུགས་ཀྱིལོ་ཙཱའི་ལྟ་བ་ཇི་ལྟར་མངོན་ཚུལ་སྐོར་གླེང་བ》 ཧ་སི་ཆི་མེ་གིའི《གསར་འགྱུར་ལོ་ཙཱའི་ཁྲོད་ཡུལ་སྐད་ཇི་ལྟར་སྤྱོད་སྟངས་སྐོར་གྱི་བསམ་ཚུལ》བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།
     ཀྲུང་གོ་མི་རིགས་ལོ་ཙཱ་ཅུའུ་བོད་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཟླ་བ་ཚེ་རིང་དང་། ཀྲུང་གོ་མི་རིགས་ལོ་ཙཱ་ཅུའུ་སོག་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧ་སིན་གཉིས་ཀྱིས་ལོ་ཙཱའི་གཞུང་ལུགས་སྐོར་ནས་འཆད་ཁྲིད་གནང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...