སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་པ།
རྩོམ་པ་པོ། གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-5 14:14:00 རྩོམ་ཁུངས། རྔ་བའི་རྔ་སྒྲ། ཀློག་གྲངས།

རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་པ།
     དབྱར་ཟླ་8ཚེས་1ཉིན་གྱི་སྔ་དྲོར། 2019ལོའི་རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་པའི་མགོ་འཛིན་མཛད་སྒོ་འབར་ཁམས་གྲོང་ཁྱེར་དུ་སྤེལ་ནས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དགའ་བ་འབུམ་གྱིས་བསུས། 
     མགོ་འཛིན་མཛད་སྒོར། ཀྲུང་གུང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུའི་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཏུང་ཝུའུ། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལའེ། ཀྲུང་གུང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་། ཁུལ་དམངས་འཐུས་ཀྱི་ཀྲུའུ་རེན་ཀུའུ་ཡུས་ལུང་སོགས་འགོ་ཁྲིད་རྣམས་ཞུགས།
      ཁུལ་(གྲོང་ཁྱེར)དཔོན་མཉམ་འབྲེལ་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཀྲུང་གུང་བདེ་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན། ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཁྲེན་ཅུན། ཀྲུང་གུང་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཚེ་རིང་ཐར། ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་པད་རྒྱལ་བཀྲ་ཤིས། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲའོ་ལིང་ཡུན། ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཀྲི་ཅུན། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧོའུ་རུང་ཧྭ་བཅས་དང་སྐུ་མགྲོན་རྣམས་ཀྱིས་ཀྲུའུ་ཞིའི་སྟེགས་བུ་ནས་ལྟད་མོར་གཟིགས།

རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་པ།
     ཀྲུང་གུང་རྔ་བ་ཁུལ་ཨུའི་ཧྲུའུ་ཅུ་ལིའུ་ཕིང་གིས་རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་བརྒྱད་པ་དངོས་སུ་མགོ་བརྩམས་པ་བསྒྲགས་ཤིང་། རྔ་བ་ཁུལ་གྱི་རྫོང་(གྲོང་ཁྱེར)ཁག13གྱི་མང་ཚོགས་འཁྲབ་སྟོན་པ་1693གྱིས་རྒྱན་གོས་ལེགས་པར་སྤྲས་ཏེ། 《མེ་ཏོག་བཞད་པའི་དུས་བཟང་》དང《བོད་སྡེའི་དཔྱིད་སྟོན།》《སྤང་ཐང་གི་འཇའ་ཚོན》《ཆའང་རིའི་བཀྲ་ཤིས་ཆུ་འཛིན།》《བཀྲ་ཤིས་སྐོར་བྲོ་》ཞེས་པ་བཅས་ཁག་ལྔ་རུ་བགོས་ནས་མཉམ་དུ་དགའ་བའི་གླུ་དང་སྐྱིད་པའི་བྲོ་གར་གྱི་དཔལ་ལ་རོལ་བར་མ་ཟད། མཐར་འགོ་ཁྲིད་དང་སྐུ་མགྲོན་ལྷན་རྒྱས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཕུང་གི་མཐའ་ནས་བསྐོར་ཏེ། ང་དང་ངའི་མེས་རྒྱལ་ཞེས་པའི་སྐོར་བྲོ་མཉམ་དུ་འཁྲབ་ནས་བཀྲ་ཤིས་རྟེན་འབྲེལ་འགྲིག་པར་བྱས།
     རྒྱུས་ལོན་པ་ལྟར་ན། སྐབས་འདིའི་རྒྱལ་རོང་སྐོར་བྲོའི་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་སུ། 2019ལོའི་འབར་ཁམས་ཀྱི་རྒྱལ་རོང་གི་ང་ཡི་ཆང་གསོལ་ཞེས་པའི་གདོད་མའི་རོལ་དབྱངས་དུས་སྟོན་སྐབས་གཉིས་པ་དང་། འབར་ཁམས་ཀྱི་གདོད་མའི་སྐོར་བྲོ་འགྲན་སྡུར། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གྱི་ཆེས་བཟང་བའི་འབར་ཁམས་པའི་གཟེངས་བསྟོད། རྒྱལ་རོང་གི་གནས་མཆོག མཛེས་སྡུག་གི་འབར་ཁམས་ཞེས་པའི་པར་ལེན་འགྲེམ་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། འབར་ཁམས་ཀྱི་སྐོར་བྲོའི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་དང་གསར་བརྗེའི་རིག་གནས། གདོད་མའི་དབྱངས་རྟ་སོགས་ཀྱི་མཛེས་པ་ལོངས་སུ་སྤྱོད་རྒྱུ་ཡིན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...