སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྐང་ཚའི་སྐོར་བྲོ་རུ་ཁག་གིས་རྒྱལ་ཁའི་འབྲས་བཟང་བླངས།
རྩོམ་པ་པོ། ཚེ་དབང་རིག་འཛིན། ཚེ་རིང་སྒྲོལ་མ ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-6 11:39:00 རྩོམ་ཁུངས། རྐང་ཚ་རྫོང་གསར་འགྱུར་ལྟེ་གནས། ཀློག་གྲངས།
     སྐོར་བྲོ་ནི་རྩྭ་ཐང་གི་དམངས་སྲོལ་རིག་གནས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ལས་ཕུན་སུམ་ཚོགས་པའི་བོད་ཀྱི་བྲོ་གར་རིག་གནས་མངོན་པ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྒྲོག་དང་མི་རིགས་ཀྱི་འཚོ་བའི་རྣམ་པ་ངོམས་ཐུབ་པའི་དམིགས་བསལ་འཁྲབ་རྩལ་གྱི་རྣམ་པ་ཞིག་ཀྱང་ཡིན།
     2019ལོའི་སྤྱི་ཟླ8པའི་ཚེས4ཉིན་གྱི་དགོང་མོར། 2019ལོའི་ཁུལ་ཡོངས་ཀྱི་མེ་ཕུང་སྐོར་བྲོ་འགྲན་སྡུར་དེ་ནུབ་མཚོ་གྲོང་རྡལ་འོད་དཀར་ཐང་ཆེན་དུ་སྤེལ། ཐེངས་འདིའི་འགྲན་སྡུར་ནི་མཚོ་བྱང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་བྱང་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུ་དང་མཚོ་བྱང་ཁུལ་མང་ཚོགས་སྒྱུ་རྩལ་ཚོགས་པ་གཉིས་ཀྱིས་འགན་སྒྲུབ་བྱས་ཡོད་པ་མ་ཟད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་སོགས་འབྲེལ་ཡོད་མགོ་ཁྲིད་དག་ཀྱང་འགྲན་སྡུར་གྱི་ཡུལ་དངོས་སུ་ཕེབས།
     མི80ཅན་གྱི་རྐང་ཚའི་སྐོར་བྲོ་རུ་ཁག་གིས་ལུས་ལ་འཕྱོར་བའི་རྒྱན་དང་བཅས་ཏེ་མེ་ཕུང་གི་མཐའ་ནས་སྐོར་ཏེ་ཐེངས་འདིའི་འགྲན་སྡུར་དུ་ཞུགས་པ་དང་།ཁོ་ཚོའི་ལུས་ཀྱི་གོན་པ་དང་ལྡེམ་མྱུར་གྱི་སྟངས་སྟབས་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཡུལ་ཕྱོགས་ཀྱི་ཁྱད་ཆོས་གསོན་པོ་ཕྱིར་མངོན་པས། འགྲན་སྡུར་གྱི་གོ་རིམ་ཁྲོད་ནས་ཀྱང་བྱ་དགའ་ཨང་གཉིས་པ་ཐོབ། འདི་ལས་མི་རིགས་ཤིག་གི་རིག་གནས་ཀྱི་འཕེལ་རྒྱས་མཚོན་ལ། ཡུལ་ཕྱོགས་ཤིག་གི་ཡུལ་སྲོལ་གོམ་འགྲོས་ཀྱང་མཚོན་ཐུབ།

རྒྱལ་ཁའི་འབྲས་བཟང་ཐོབ་པའི་རྣམ་པ།

རྒྱལ་ཁའི་འབྲས་བཟང་ཐོབ་པའི་རྣམ་པ།

རྒྱལ་ཁའི་འབྲས་བཟང་ཐོབ་པའི་རྣམ་པ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...