སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་གི"ང་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན"ཞེས་པའི་འགུལ་སྐྱོད་མཛད་སྒོ་སྤེལ།
རྩོམ་པ་པོ། ལྷ་ཚེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-7 16:17:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ8པའི་ཚེས7ཉིན་གྱི་སྔ་དྲོར། གསེར་ཆེན་རྫོང་གིས"ང་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན"ཞེས་པའི་འགུལ་སྐྱོད་མགོ་རྩོམ་མཛད་སྒོ་དེ་མཚོ་སྔོན་པོའི་འགྲམ་དུ་སྤེལ་ཞིང་། རྫོང་ཨུ་དང་རྫོང་དམངས་ཆེན། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོ་དང་རྫོང་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་དང་རྫོང་གཏོགས་ལས་ཁུངས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་གི་འཐུས་ཚབ། མཚོ་སྐོར་གྱི་ཡུལ་ཚོ་དང་གྲོང་སྡེ་རིམ་པ་སོ་སོའི་དང་བླངས་རུ་ཁག་གི་འཐུས་ཚབ་བཅས་ཐེངས་འདིའི་མཛད་སྒོར་ཞུགས། རྫོང་དཔོན་དཔལ་ལྡན་གྱིས་བྱེད་སྒོ་ལ་མདོ་འཛིན་མཛད་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཧུང་ལིན་གྱིས་ཤིས་ཚིག་ཕུལ་བ་མ་ཟད"ང་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན"ཞེས་པའི་འགུལ་སྐྱོད་དངོས་སུ་མགོ་བརྩམས་པ་བསྒྲགས།

རྫོང་དཔོན་དཔལ་ལྡན་གྱིས་བྱེད་སྒོ་ལ་མདོ་འཛིན་མཛད་བཞིན་པ།
     རྫོང་དཔོན་དཔལ་ལྡན་གྱིས་གསུང་དོན། "སྐྱེས་འབུལ་དང་། གཅེས་སེམས། རོགས་རེས། ཡར་རྒྱས"ཀྱི་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་བྱས་ཏེ་། སྔོ་ལྗང་རི་ཀླུང་གི་རང་མདངས་ངོམ་པ་དང་། གསེར་རི་དངུལ་རི་ལ་རིན་ཐང་ལྡན་པའི་ལྟ་བ་ཇེ་དྲག་ཏུ་གཏོང་བ་དང་། རང་ཉིད་ཀྱི་དངོས་ཡོད་ལག་ལེན་བརྒྱུད་དེ་དངོས་གནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང། མཚོ་སྔོན་པོའི་མཐའ་འཁོར་དུ་གནས་པའི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་དེ་ང་ཚོས་ཡུན་རིང་དུ་ལོངས་སུ་སྤྱོད་པའི་རྒྱུ་ནོར་དུ་འགྱུར་བར་བྱེད་དགོས།

ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཧུང་ལིན་གྱིས་ཤིས་ཚིག་ཕུལ།
     ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་ཁྲེན་ཧུང་ལིན་གྱིས་བསྟན་དོན། "ང་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན"ཞེས་པའི་འགུལ་སྐྱོད་མགོ་རྩོམ་མཛད་སྒོ་སྤེལ་དོན་ནི། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་བློ་དང"ཏན་ཏན་ཏིག་ཏིག་བཞིའི"དགོངས་པ་གལ་ཆེན་ལག་བསྟར་བྱེད་པ་དང་། ནན་ཏན་གྱིས་ཞིང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི"སྔོ་ལྗང་རི་ཀླུང་གི་རང་མདངས་ངོམ་པ་དང་། གསེར་རི་དངུལ་རི་ལ་རིན་ཐང་ལྡན་པའི"འདུ་ཤེས་དང་ཐེངས་འདིའི་དང་བླངས་ཞབས་ཞུའི་བྱ་འགུལ་ལེགས་པོར་སྤེལ་བའི་བཀོད་འདོམས་དངོས་འབེབ་བྱེད་ལ། རྫོང་ཡོངས་ལས་རིགས་སོ་སོའི་དང་བླངས་པ་མཚོ་སྔོན་པོ་སྲུང་སྐྱོབ་ཀྱི་དང་བླངས་རུ་ཁག་ཏུ་ཞུགས་པར་སྐུལ་སློང་བྱས་ཏེ། དངོས་གནས་མཚོ་སྔོན་པོ་ལེགས་པོར་སྲུང་སྐྱོབ་བྱེད་དགོས།

གསེར་ཆེན་ཐོན་རྫོང་ཨུའི་ཧྲུའུ་ཅི་ལྷ་མོ་གཡང་འཛིན་གྱིས་གྲོས་འགོ་བཏོན།
     དེ་ནས་གསེར་ཆེན་ཐོན་རྫོང་ཨུའི་ཧྲུའུ་ཅི་ལྷ་མོ་གཡང་འཛིན་གྱིས་རྫོང་ཡོངས་ཀྱི་རྒྱ་ཆེ་བའི་དང་བླངས་པར"ང་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན"ཞེས་པའི་འགུལ་སྐྱོད་གྲོས་འགོ་བཏོན།

འགོ་ཁྲིད་རྣམས་ཀྱིས་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་གནང་།
     དེར་མཐུད་དེ་ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཁྲེན་ཧུང་ལིན་དང་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཡུང་ཝུའུ་སོགས་འགོ་ཁྲིད་རྣམས་ཀྱིས་རྒྱ་ཡེ་སྡེ་བ་དང་། གཡོན་རུ་སྡེ་བ། རྨོག་རུས་སྡེ་བ། བུམ་པ་སྡེ་བ། ལུའུ་སེ་སྡེ་བ་བཅས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་གནང་།

དང་བླངས་ཞབས་ཞུའི་རུ་ཁག་སོ་སོ།
     དེ་རིང་གི་འགུལ་སྐྱོད་མགོ་རྩོམ་མཛད་སྒོ་འདིས། "ང་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན"ཞེས་པའི་ཞབས་ཞུ་བྱ་འགུལ་གྱི་དུང་བརྡ་བརྒྱབ་པ་མཚོན་ཞིང་། ད་ནས་བཟུང་དང་བླངས་ཞབས་ཞུ་རུ་ཁག་སོ་སོས་རྫོང་ཡོངས་ཀྱི"ང་ནི་མཚོ་སྔོན་པོ་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན"ཞེས་པའི་འགུལ་སྐྱོད་འཆར་འགོད་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་དྲིལ་སྒྲོག་དང་། ཁོར་ཡུག་གཙང་དག དཔལ་ཡོན་ཡུལ་སྐོར་ལ་སྣེ་ཁྲིད། ཁོར་སྲུང་སྤྱི་ཚོགས་ལྟ་སྐུལ། དྲ་ལམ་དྲིལ་སྒྲོག་ཕྱོགས་སྟོན་སོགས་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...