སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཞས་པ་པདྨ་བསམ་འགྲུབ་ཀྱི་གཞས་གསར《ཐང་ག》ཞེས་པ་དྲ་ལམ་ཁག་ནས་ཐོག་མར་གཏོང་མགོ་བརྩམས།
རྩོམ་པ་པོ། གཡང་འབུམ་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-12 9:14:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། ཀློག་གྲངས།
 
     མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བརྗོད་དོན་གླུ་དབྱངས་ཏེ། ཐང་ག་ཞེས་པ་དྲ་ལམ་ཁག་ནས་ཡོངས་ཁྱབ་ཏུ་གཏོང་མགོ་རྩོམ་པའི་བྱ་འགུལ་སྤྱི་ཟླ8པའི་ཚེས8ཉིན་གྱི་ཕྱི་དྲོའི་དུས་ཚོད4:00ཡི་སྟེང་ཟི་ལིང་གྲོང་ཁྱེར་གྱི་ཅི་ཧི་དཔེ་ཁང་དུ་སྤེལ།
     ཐང་ག་ཞེས་པའི་གླུ་དབྱངས་དེ་ནི་རེབ་ཀོང་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་བསྡུ་བར་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་། གླུ་དབྱངས་དེ་ནི་རེབ་ཀོང་ཡུལ་གྱི་ལྷ་རིས་སྒྱུ་རྩལ་རྒྱབ་ལྗོངས་སུ་བྱས་ཏེ།རེབ་ཀོང་གསེར་མོ་ལྗོངས་ཀྱི་མཛེས་པའི་རི་ཆུ་དང་རྔམ་མཐུག་པའི་རིག་གནས་བཅས་ལ་བསྟོད་གླུ་བླངས་པ་ཞིག་རེད།  གླུ་དབྱངས་དེ་ནི་གཞས་པ་པདྨ་བསམ་འགྲུབ་ཀྱིས་མ་ཕམ་གཡུ་མཚོ་སོགས་གླུ་དབྱངས་སྐོར་ཞིག་གི་རྗེས་སུ། ཡང་བསྐྱར་ཕ་ཡུལ་གྱི་རི་ཆུ་བརྗོད་གཞིར་བྱས་པའི་བརྩམས་ཆོས་ཡག་ཤོས་དེ་ཡིན།  

གླུ་གཞས་གསར་རྩོམ་སྐོར་གྱི་གནས་ཚུལ་གླེང་བཞིན་པ།

ལྟད་མོ་བའི་སྡེ།

གཞས་པ་པདྨ་བསམ་འགྲུབ་སློབ་ཆེན་སྐབས་ཀྱི་གླུ་དབྱངས་དགེ་རྒན་ཁྲའོ་ཡོན་ཆིན།(དཀྱིལ)  
     གཞས་པ་པདྨ་བསམ་འགྲུབ་ལ་མཚོན་ན། རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་རེབ་ཀོང་གསེར་མོ་ལྗོངས་ཏེ། ལྷ་རིས་སྒྱུ་རྩལ་གྱི་ཞིང་ཁམས་སུ་གྲགས་པའི་གནས་མཆོག་འདི་ནི་ཁོའི་ཕ་ཡུལ་གཉིས་པ་ཡིན་ཟེར། རྒྱུ་མཚན་ནི་ཁོའི་ཨ་མ་ལོ་ན་ཆུང་བའི་སྐབས་སུ་གནས་འདི་ནས་ད་གཟོད་ཕྱི་ཡུལ་འགྲིམས་པས་ཡིན། དེ་བས་ཐང་ག་ཞེས་པའི་གླུ་དབྱངས་དེའི་ཁྲོད་དུ་འང་ཁོས་ཕ་ཡུལ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་སིམས་ཡོད་ཟེར།
     གཞས་པ་ཁོའི་གླུ་སྐད་ཀྱི་ཁྲོད་ནས་དུས་དང་རྣམ་པ་ཀུན་ཏུ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་ཕ་མ་ཕུ་ནུ་ལ་བཅངས་པའི་བརྩེ་བ་ཞིག་རླབས་ཀྱི་ཟེགས་པ་བཞིན་ལང་ལོང་གིས་བརྡོལ་འོང་གི་ཡོད་དེ། དེ་རིང་ཡང་རྒྱ་ཆེའི་ལྷད་མོ་བ་རྣམས་ཀྱི་མདུན་སར་ཁོས་རང་གི་ཕ་སྐད་ལ་བརྒྱུས་པའི་ཕ་ཡུལ་ཞེས་པའི་གླུ་དབྱངས་ཤིག་གི་མཆོད་པ་ཕུལ་བར་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
     མཇུག་མཐར་ལྟད་མོ་རྣམས་ཀྱིས་གཞས་པ་པདྨ་བསམ་འགྲུབ་ཀྱི་གླུ་གཞས་སྒྱུ་རྩལ་འཚོལ་སྙེགས་ཀྱི་གནས་ཚུལ་སྐོར་ནས་དྲི་བ་བཏོན་པར་ཁོས་རེ་རེ་བཞིན་རང་གི་མི་ཚེའི་མྱོང་བ་དང་འབྲེལ་ནས་གསོན་ཉམས་ལྡན་པའི་ལན་བཏབ་པ་དང་། སྐད་ཆ་དེ་དག་གི་ཁྲོད་དུ་ཁོའི་མ་འོངས་མི་ཚེ་ཡི་གཤོག་རུ་རིང་མོ་དེ་ད་དུང་རྒྱང་ནས་རྒྱང་ལ་བརྐྱངས་ཡོད་པའི་ཚོར་བ་ཞིག་ཀྱང་བཅོས་མིན་སྟེར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...