སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་གྱིས་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་ལ་སྟ་གོན་ལེགས་པོ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-19 10:47:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་གསར། ཀློག་གྲངས།

འཁྲབ་སྦྱོང་གི་ཡུལ་དངོས། 
     འདས་སོང་གི་ལོ་ངོ་བདུན་བཅུར་ཕྱིར་ལྟ་ཐེངས་ཤིག་བྱས་ཚེ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན།  རིགས་སོའི་མི་དམངས་ཀྱིས་ཏང་གི་ཡང་དག་པའི་མགོ་ཁྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་དཀའ་སྤྱད་འབད་འཐབ་དང་སྤོབས་པ་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་སྟེང་། མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་དབྱངས་སུ་གྱེར་བཞིན་རླབས་ཆེན་མེས་རྒྱལ་གྱི་དྲིན་ལན་སེམས་ཁོང་དུ་ཉར་ནས་དུས་རབས་གསར་བའི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཁར་བསྐྱོད་བཞིན་ཡོད་ལ། དེ་ནི་ངེས་པ་དོན་གྱིས་མཚར་སྡུག་གི་འགྲུལ་བཞུད་རིང་མོ་ཞིག་ཀྱང་རེད།
   ལྷག་པར་དུ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་སྐབས་འདིར་མཚོ་ལྷོ་ཁུལ་ནི་ཆབ་སྲིད་དང་དཔལ་འབྱོར།རིག་གནས། ཡུལ་སྐོར་སོགས་ཕྱོགས་སྒོ་མོ་ནས་འཕེལ་རླབས་གསར་བ་ཞིག་ཏུ་སླེབས་ཡོད་པས།  ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཀྱང་བོད་ཁམས་ཡོངས་ལ་ཁ་ཕྱོགས་ནས་ས་གནས་འདིའི་གཡུར་དུ་ཟ་བའི་གྲུབ་འབྲས་དང་བདེ་སྐྱིད་ཀྱི་འཚོ་བའི་རྣམ་པ་གསལ་བོར་ངོམས་ཆེད། ཟླ8པའི་ཚེས19ཉིན་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་པའི་སྟེང་གཟབ་རྒྱས་ངང་འཚོགས་འཆར་ཡོད་ལ། འདི་ནི་མཚོ་ལྷོ་ཁུལ་ལ་མཚོན་ན་སྤྱི་ཚོགས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་གང་ཐད་ནས་ནུས་པ་ཆེན་པོ་ཐོན་པའི་དགོང་ཚོགས་ཆེས་དོན་སྙིང་ལྡན་པ་ཞིག་ཀྱང་རེད།
    ཐེངས་འདིའི་དགོང་ཚོགས་ཆེན་མོ་འདི་ཕ་ཡུལ་མཚོ་ལྷོའི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་གཟིགས་མོར་བདེ་བླག་ངང་འབུལ་བ་དང་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱ་ཆེད། དུས་ཡུན་ཟླ་གཅིག་ལྷག་གི་སྔོན་ནས་མཚོ་ལྷོ་ཁུལ་གྱི་ས་གནས་སོ་སོ་རུ་རིག་རྩལ་འཁྲབ་སྟོན་མང་པོ་ཇུས་འགོད་དང་འཁྲབ་སྦྱོང་ལེགས་པོ་བྱས་ནས་འོང་བ་རེད། 
    ཉེ་ཆར། ས་གནས་སོ་སོའི་འཁྲབ་སྟོན་པ་རྣམས་ཀྱང་དངོས་སུ་ཐེངས་འདིའི་རིག་རྩལ་དགོང་ཚོགས་ཆེན་མོ་འཁྲབ་སྟོན་བྱེད་སའི་ཡུལ་དངོས་སྟེ། གུང་ཧོ་རྫོང་མཁར་བྱང་གཞིས་གསར་གྱི་རིག་གནས་སྨྱན་སྦྱོར་ལྟེ་གནས་ཐང་ཆེན་དུ་འབྱོར་ནས་ཐེངས་འདིའི་དགོང་ཚོགས་ཀྱི་སྤྱིའི་སྒྲིག་ཁྲིད་པ་རྣམས་ཀྱི་བཀོད་འདོམས་དང་མཛུབ་སྟོན་འོག ནང་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་སྦྱོང་བརྡར་བྱེད་བཞིན་པའི་སྒང་ཡིན། 
    དོ་ནུབ་མཚོ་ལྷོ་ཁུལ་གྱི་རྫོང་ཁག་ལྔའི་འཁྲབ་སྟོན་པ་རྣམས་གཙོ་བྱས། ཞིང་ཆེན་ཕྱིའི་འཁྲབ་སྟོན་པ་རྣམས་ཀྱང་གདན་ཞུ་བྱས་ནས་ཁོ་ཚོས་མཉམ་གཅིག་ཏུ་རྒྱལ་སྟོན་བསུ་བའི་དགོང་ཚོགས་ཆེན་མོ་འདིའི་གར་སྟེགས་བརྒྱུད་ནས་ལྟ་མཁན་ཁྲི་མ་འབུམ་ལ་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་ཁ་ཚར་ལྡན་པའི་རྒྱན་གོས་མང་པོ་ཞིག་རྣམ་པ་ཚོའི་སྤྱན་ལམ་དུ་འདྲེན་རྩིས་ཡོད། 
    སྐབས་དེར་ཐོན་ན་མཚོ་ལྷོ་བོད་ཡིག་ཚགས་པར་ཁང་གིས་ཀྱང་ཐེངས་འདིའི་དགོང་ཚོགས་ཆེན་མོ་དྲ་ལམ་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་ཆེའི་དྲ་ངོས་ཀྱི་ལྟད་མོ་བ་རྣམས་ཀྱིས་མཚོ་ལྷོ་ཚགས་པར་ཁང་གི་གསར་འགྱུར་དྲ་བ་དང་། སྐད་འཕྲིན་སྤྱི་སྟེགས། སོ་ལྟའི་རོགས་སྐྱོརAPPདང་། མཚོ་སྔོན་པོའི་དྲ་བ། ཨ་མ་ལོ་ལོའི་ཐད་གཏོང་འཕྲིན་ལམ། དེ་མིན་མཚོ་སྔོན་པོའི་ཐང་ཆེན་དང་ཤམ་བྷ་ལའི་ཐང་ཆེན། ཁུལ་ཁྲིམས་འཛིན་ཅུའུ་བཅས་ཀྱི་བརྙན་ཡོལ་ཆེན་མོ་བརྒྱུད་ནས་དགོང་ཚོགས་ཀྱི་ཐད་གཏོང་ལ་གཟིགས་པར་ཡང་སྟབས་བདེ་གང་ལེགས་བསྐྲུན་ཡོད་པས། རྣམ་པ་ཚོས་ཐུགས་འཇགས་ཡོང་བར་ཞུ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...