སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་རྒྱང་སྒྲོག་སྨྱན་སྦྱོར་མཐུན་སྦྱོར་དམིགས་བསལ་བཅར་འདྲིའི་བྱ་འགུལ་སྐབས་གཉིས་པ་མཚོ་ལྷོ་རུ་སྤེལ།
རྩོམ་པ་པོ། ལྷ་ཚེ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-19 17:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     སྤྱི་ཟླ8པའི་ཚེས19ཉིན་གྱི་ཕྱི་དྲོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་ལྷོ་ཁུལ་ཨུ་ཁུལ་སྲིད་གཞུང་གིས་རྩ་འཛུགས་བྱས་ཏེ་སྤེལ་བའི་མཛེས་སྡུག་མཚོ་སྔོན་ལ་བཅར་འདྲི་དང་མཚོ་ལྷོའི་གཏམ་རྒྱུད་བརྗོད་པ། བོད་ཁུལ་འཕེལ་རྒྱས་ལ་གཟིགས་པའི་རྒྱལ་ཡོངས་རྒྱང་སྒྲོག་སྨྱན་སྦྱོར་མཐུན་སྦྱོར་དམིགས་བསལ་བཅར་འདྲིའི་བྱ་འགུལ་སྐབས་གཉིས་པའི་མགོ་རྩོམ་མཛད་སྒོ་དེ་མཚོ་ལྷོ་ཁུལ་སྨྱན་སྦྱོར་ལྟེ་གནས་འཁྲབ་སྟོན་ཚོམས་ཆེན་དུ་སྤེལ།

རྒྱལ་ཡོངས་རྒྱང་སྒྲོག་སྨྱན་སྦྱོར་མཐུན་སྦྱོར་དམིགས་བསལ་བཅར་འདྲིའི་བྱ་འགུལ་སྐབས་གཉིས་པ་སྤེལ།
     མགོ་རྩོམ་མཛད་སྒོ་དེ་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔའ་འབུམ་ཐར་གྱིས་དགའ་བསུའི་ཤིས་ཚིག་ཕུལ་བ་དང་། གསེར་ཆེན་རྫོང་ཨུའི་རྒྱུན་ཨུ། རྫོང་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པ་ཞེ་ཁང་ཡུང་གིས་ཁུལ་གྱི་གནས་ཚུལ་མཚམས་སྦྱོར་དང་། མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་བླངས་ཏེ་རླབས་ཆེན་མེས་རྒྱལ་ལ་དྲིན་དྲན་པའི་རིག་རྩལ་འཁྲབ་སྟོན་དགོང་ཚོགས་ཆེན་མོ་དང་བོད་རིགས་གྱོན་ཆས་སྒྱུ་རྩལ་དུས་ཆེན་སྐབས་བཞི་བའི་འབྲེལ་ཡོད་གནས་ཚུལ་བརྗོད་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱིའི་རྩོམ་སྒྲིག་གཞོན་པ་ཀྲང་ཞའོ་ཝེ་ཡིས་ཤིས་ཚིག་ཕུལ་བ་དང་། ཅང་སུའུ་གསར་འགྱུར་ཕྱོགས་བསྡུས་རྒྱང་སྒྲོག་སྤྱིའི་ལྟ་སྐུལ་གཞོན་པ་ཁྲེན་ཡུའུ་ཏུང་གིས་ཞིང་ཆེན་ཕྱིའི་སྨྱན་བྱད་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྤེལ། མཚོ་སྔོན་ཞིང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ཀུང་པོ་ཡིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱིའི་རྩོམ་སྒྲིག་གཞོན་པ་ཀྲང་ཞའོ་ཝེ་ཡིས་ཤིས་ཚིག་ཕུལ།
མཚོ་སྔོན་ཞིང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ཀུང་པོ་ཡིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
     གཟའ་འཁོར་འདིའི་ནང་། མི50ཅན་གྱི་བཅར་འདྲི་རུ་ཁག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་དང་བྲག་དཀར་རྫོང་། འབའ་རྫོང་། མང་རྫོང་། ཁྲི་ཀ་རྫོང་བཅས་སུ་སྐྱོད་དེ། ཀྲུང་གོའི་ཆེས་ཆེ་བའི་འོད་ནུས་གློག་ཚིགས་དང་ཚལ་རྔ་འགག་འོས་ནུས་གློག་ཚིགས། འབའ་རྫོང་རྨ་བྱང་ནགས་ཚལ། བྲག་དཀར་རྫོང་གི་དབྱར་རྩྭ་དགུན་འབུ། མང་རྫོང་སུམ་མདོ་གྲོང་རྡལ་གྱི་བྱེ་སྣ། མང་རྫོང་བྱ་མདོ་ཡུལ་ཚོ་སྡེ་མང་སྡེ་བའི་བོད་ཀྱི་གཙགས་དྲུབ། དེ་མིན་ཁྲི་ཀའི་སྦྲང་རྩི་བཅས་ལ་བཅར་འདྲི་བྱེད་པ་ཡིན།
གསེར་ཆེན་རྫོང་ཨུའི་རྒྱུན་ཨུ། རྫོང་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པ་ཞེ་ཁང་ཡུང་གིས་ཁུལ་གྱི་གནས་ཚུལ་མཚམས་སྦྱོར་གནང་།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...