སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་བོད་རིགས་རྒྱན་གོས་རིག་གནས་དུས་ཆེན་དང་བོད་རིགས་རྒྱན་གོས་འགྲེམ་སྟོན་ཚོགས་འདུ་མཇུག་སྒྲིལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-22 10:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ8པའི་ཚེས21ཉིན་གྱི་དགོང་མོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཞི་བའི་བོད་རིགས་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་རིགས་རྒྱན་གོས་འགྲེམས་སྟོན་ཚོགས་འདུ་དེ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་ཐིང་ཅུའུ་ཡིས་རྒྱབ་སྐྱོར་ཆེན་པོ་དང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་ཆེན་པོ། སྤུན་ཟླའི་ཁུལ་དང་གྲོང་ཁྱེར། རྫོང་ལྔའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོའི་འོག་དང་། ཕྱོགས་སོ་སོའི་ཞིབ་མོའི་རྩ་འཛུགས་དང་ལས་བྱེད་མི་སྣ་ཡོངས་ཀྱི་འབད་བརྩོན་འོག བྱ་བ་ཐམས་ཅད་ལེགས་གྲུབ་བྱུང་ནས་མཇུག་སྒྲིལ།

བྱ་དགའ་གནང་བ།
     སྐབས་བཞ་བའི་བོད་རིགས་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་འགྲེམས་སྟོན་ཚོགས་འདུ་དེ་བོད་རིགས་རྒྱན་གོས་འཁྲབ་སྟོན་དང་བོད་རིགས་རྒྱན་གོས་འགྲེམ་སྟོན། རྒྱན་གོས་ཉོ་ཚོང་བརྗེ་རེས་སོགས་བྱ་འགུལ་མང་པོ་བརྒྱུད། རྣམ་པར་བཀྲ་བའི་བོད་རིགས་རྒྱན་གོས་རིག་གནས་དང་རིགས་སོ་སོའི་མི་དམངས་ཀྱི་འབད་འབུངས་ཡར་བརྩོན་དང་འཚོ་བར་དགའ་བའི་བསམ་པའི་རྣམ་པ་མངོན་པ་མ་ཟད། མཛེས་སྡུག་གི་མཚོ་སྔོན་དྭངས་གཙང་མཚོ་ལྷོའི་མཚན་སྙན་ཕྱོགས་བཅུར་ཁྱབ་པར་བྱས་པར་མ་ཟད། མགྲོན་པོར་དགའ་བ་དང་མི་རིགས་མཐུན་སྒྲིལ། སྒོ་འབྱེད་འཕེལ་རྒྱས། ཡར་རྒྱས་བརྩོན་ལེན་ལྡན་པའི་མཚོ་ལྷོའི་སྣང་བརྙན་གསར་བཞེངས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་མ་ཟད། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ།
     ཐོག་མར། དེང་རབས་རྒྱན་གོས་ཇུས་འགོད་གསར་བསྐྲུན་གསེར་གྱི་བྱ་དགའ་ཐོབ་མཁན་ཡུལ་ཤུལ་ཁུལ་ཟླ་དགའ་སྒྲོལ་མ་གྱོན་ཆས་ཚད་ཡོད་འགན་འཁྲི་ཀུང་ཟི་དང་། དངུལ་གྱི་བྱ་དགའ་ཐོབ་མཁན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ནོར་བུ་དགའ་འཁྱིལ་སྲོལ་རྒྱུན་རྒྱན་གོས་རྒྱན་བརྒྱུད་སྦྱོང་ཁང་། ཟངས་ཀྱི་བྱ་དགའ་ཐོབ་མཁན་མཚོ་ལྷོ་ཁུལ་བཀྲ་ཆུ་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི་བཅས་ལ་བྱ་དགའ་གནང་བ་དང་། དེ་ནས། ཕུལ་བྱུང་རྒྱུད་འཛིན་པའི་བྱ་དགའ་ཐོབ་མཁན་དང་ཕུལ་བྱུང་འཁྲབ་སྟོན་བྱ་དགའ་ཐོབ་མཁན། ཆེས་མཛེས་གྱོན་གོས་བྱ་དགའ་ཐོབ་མཁན་ཁྲི་ཀ་རྫོང་གྱོན་གོས་འཁྲབ་སྟོན་རུ་ཁག་དང་གསེར་ཆེན་རྫོང་གྱོན་གོས་འཁྲབ་སྟོན་རུ་ཁག ཀན་ལྷོ་ཁུལ་གྱོན་གོས་འཁྲབ་སྟོན་རུ་ཁག་བཅས་ལ་བྱ་དགའ་གནང་། རྗེས་ནས། སྲོལ་རྒྱུན་གྱོན་གོས་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་མཁན་བྲག་དཀར་རྫོང་དང་མང་རྫོང་། འབའ་རྫོང་། ཡུལ་ཤུལ་ཁུལ། ཀན་སུའུ་དཔའ་རིས་རྫོང་བཅས་ལ་བྱ་དགའ་གནང་བ་མ་ཟད། དེང་རབས་གྱོན་གོས་ཕུལ་བྱུང་ཤོམ་འགྲོའི་བྱ་དགའ་ཐོབ་མཁན་བྲག་དཀར་རྫོང་རྒྱ་མཚོ་རིག་གནས་བརྙན་རིས་ཚད་ཡོད་ཀུང་ཟིའི་ནམ་མཁའ་རྒྱལ་དང་། ཕུལ་བྱུང་ཇུས་འགོད་བྱ་དགའ་ཐོབ་མཁན་ནི་ཨ་མ་ལོ་ལོ་བོད་རིགས་བྱིས་པའི་གྱོན་གོས་ཚད་ཡོད་ཀུང་ཟིའི་གཡང་འབུམ་རྒྱལ། མཚོ་ལྷོ་ཁུལ་ཕྲུག་ཐེབ་རྒྱ་བོད་ཀྱི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་རྒྱ་གོ་རྒྱལ། མང་རྫོང་གངས་ལྷ་མེ་ཏོག་མི་རིགས་གྱོན་གོས་ཚད་ཡོང་ཀུང་ཟིའི་ཚེ་རིང་རྒྱལ་ལ་བྱ་དགའ་གནང་། མཐའ་མར། སྐོར་བྲོ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་མཁན་བྲག་དཀར་རྫོང་། མང་རྫོང་། འབའ་རྫོང་། ཁྲི་ཀ་རྫོང་། གསེར་ཆེན་རྫོང་བཅས་ལ་བྱ་དགའ་གནང་།

བྱ་དགའ་གནང་བ།
     དེ་མིན། སྒྲ་སྙན་རྡུང་ལེན་གྱི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་རྡོ་རྗེ་ཚེ་བྷེ་དང་ཀརྨ། བོད་ཀྱི་ལ་གཞས་ཀྱི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་ཚེ་དཔལ་སྐྱབས་དང་ལྕགས་མོ་རྒྱལ། བོད་ཀྱི་གཙགས་དྲུབ་ཀྱི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་རྡོ་རྗེ་མཚོ། བོད་ཀྱི་བཙིར་འགྱིག་གི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་ཟླ་བ་ཐར་བཅས་དང་། བོད་ཀྱི་རྒྱན་གོས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་འཇམ་དབྱངས་སྒྲོལ་མ་དང་། ཁྲི་ཀའི་སྲང་གཞུག་རྩེད་རིག་གི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་ལྷ་མོ། མ་ཎི་དབྱངས་མགུར་གྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་བསོད་ནམས་སྒྲོལ་མ་བཅས་སྐབས་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་དག་ལ་ལག་རྟགས་གནང་།

བྱ་དགའ་གནང་བ།
     འདི་ལྟ་བུའི་བཀྲ་ཤིས་པའི་ཉིན་མོ་དམིགས་སུ་བཟུང་སྟེ། མཚོ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལྟས་མཚན་ངོམ་པར་བཀྲ་བའི་ལོ་རབས་ལ་ཕྱིར་མིག་དང་འབྲས་བུ་ཕུན་སུམ་ཚོགས་པའི་བྱས་རྗེས་ལ་བསྟོད་བསྔགས་བྱེད། འདས་པའི་ལོ་ངོ་མང་པོའི་རིང་ལ་མཚོ་ལྷོ་ཁུལ་གྱི་རིག་གནས་སྡེ་ཁག་གི་ལས་བྱེད་མི་སྣས་གཟུགས་འདས་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པས་འབྲས་བུ་གཡུར་དུ་ཟ་བ་བླངས་ཤིང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གྲས་སུ་ཚུད་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...