སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་དགོང་ཚོགས་ཟི་ལིང་ནས་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-3 10:12:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ ཀློག་གྲངས།

ཨང་དང་པོ་ཐོབ་མཁན། ཆོས་སྐྱོང་སྐྱབས།

ཨང་གཉིས་པ་ཐོབ་མཁན། བཟང་པོ། ཚེ་མཁར་རྒྱལ།

ཨང་གསུམ་པ་ཐོབ་མཁན།ལྷ་སྐྱིད་རྒྱལ། བསོད་ནམས་སྟོབས་ལྡན། གཟུངས་མཚོ།

ཕུལ་བྱུང་བྱ་དགའ་ཐོབ་མཁན།

སྐལ་བཟང་། སྟག་མོ་མཚོ། བདེ་སྐྱིད། འཕྲིན་ལས་ཚེ་རིང་། ནོར་སྦྱིན་ལྷ་མོ། བཀྲ་ཤིས་སྐྱིད།
དབང་མཚོ། རྣམ་རྒྱལ་མགོན། བདེ་ཆེན། པདྨ་རིག་འཛིན།

ཐེ་བོ་ནས་ཕེབས་པའི་གདན་ཞུའི་གླུ་བ། རྡོ་རྗེ་བཀྲ་ཤིས།

བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་དང་པོའི་ཨང་དང་པོ་ཐོབ་མཁན། སྟོབས་ཆེན་རྒྱལ།
     ཨ་མདོ་བརྙན་འཕྲིན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཁུལ་བརྙན་འཕྲིན་ལས་ཁུངས་བརྒྱད་ཀྱིས་རོགས་སྒྲུབ་གནང་བའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་དེ་ཟླ་ངོ་གསུམ་ལྷག་གི་རིང་ལ་འགྲན་ཁུལ་བརྒྱད་ནས་ཛ་དྲག་ཆེ་བའི་འགྲན་སྡུར་རབ་དང་རིམ་པ་བརྒྱུད་མཐར་ཉེ་ཆར་བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་གླུ་མ་རྣམས་ཟི་ལིང་ལ་འཛོམས་ནས་མཇུག་མཐའི་བསྐྱར་འགྲན་དང་རྟིང་རྩོད་ཀྱི་འགྲན་སྡུར་སྤེལ་ཅིང་། ཉེ་ལམ། བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་དགོང་ཚོགས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས་ཏེ་ཐེངས་འདིའི་བོད་ཀྱི་དམངས་གླུ་འགྲན་སྡུར་ཡོངས་སུ་མཇུག་བསྡུས།
     ཐེངས་འདིའི་བྱ་དགའ་གནང་བའི་དགོང་ཚོགས་དེ་གླུ་བ་གྲགས་ཅན་གླུ་གར་རྒྱལ་གྱི་སྐད་ངག་སྙན་མོའི་འགྱུར་ཁུག་གི་ཁྲོད་ནས་དངོས་སུ་མགོ་བརྩམས་ཤིང་། བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་སོ་སོའི་དམངས་གླུའི་རྒྱུད་འཛིན་པ་དང་དམངས་གླུ་གཏོང་མཁན་གྲགས་ཅན། ཐེ་བོའི་གླུ་བ་རྡོ་རྗེ་བཀྲ་ཤིས་དང་ཁམས་བྲག་མགོའི་གླུ་མ་སྐྱིད་བྱམས། བོད་ལྗོངས་ཉིང་ཁྲིའི་གླུ་མ་ཚེ་རིང་གཡང་འཛོམས། ཡུལ་ཤུལ་གྱི་གླུ་མ་པདྨ་གཡང་སྐྱིད། དཔའ་རིས་གླུ་མ་རྒྱ་ཏིག་སྒྲོལ་མ། དེ་མིན་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་དང་པོའི་སྟེང་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་མཚོ་ལྷོའི་གླུ་བ་སྟོབས་ཆེན་རྒྱལ་སོགས་སྔ་རྗེས་སུ་གར་སྟེགས་ལ་བུད་ནས། རང་རང་ས་ཆའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་དམངས་གླུ་སྙན་མོ་ལྷང་ལྷང་བཏང་བས་དགོང་ཚོགས་ཧྲིལ་བོ་བོད་ཀྱི་དམངས་གླུའི་ཁྱད་མཚར་བའི་འགྱུར་ཁུག་འབའ་ཞིག་གི་ཁྲོད་ནས་བསྐྱལ་ཅིང་། ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།
     དགོང་ཚོགས་སྟེང་ཡིད་དབང་འཕྲོག་པའི་དམངས་གླུའི་འགྱུར་ཁུག་སྙན་མོའི་བར་མཚམས་རེ་རེ་ནས་རིམ་པ་བཞིན་དུ་ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་གླུ་བ་གླུ་མའི་མིང་ཐོ་གསལ་བསྒྲགས་གནང་སྟེ་བྱ་དགའི་གསོལ་རས་བསྩལ།
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...