སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》དཔེ་སྐྲུན་འགྲེམ་སྤེལ་ཚོགས་འདུ་ཐོག་མ་གཙང་ནས་འཚོགས།
རྩོམ་པ་པོ། བསྟན་འཛིན་ཕུན་ཚོགས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-5 14:47:00 རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས།
     སྤྱི་ཟླ9པའི་ཚེས4ཉིན། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》ལས《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》དཔེ་སྐྲུན་འགྲེམ་སྤེལ་ཚོགས་འདུ་ཐོག་མ་གཙང་བཀྲ་ཤིས་ལྷུན་པོ་ནས་འཚོགས།
     ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འགན་ཁུར་བས་བསྟན་དོན། 《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》དཔེ་སྐྲུན་འགྲེམ་སྤེལ་བྱེད་པ་ནི་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱས་པའི་གྲུབ་འབྲས་ཡིན་པས། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་བསྒྱུར་བར་ཞིབ་འཇུག་གི་ལམ་བུ་ཞིག་གཏོད་པར་སྐུལ་འདེད་ཀྱི་ནུས་པ་འདོན་བཞིན་ཡོད་ལ། དེ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་སྲོལ་རྒྱུན་བཟང་བོར་སློབ་སྦྱོང་དང་རྗེས་དྲན། བརྒྱུད་འཛིན། དར་སྤེལ་བཅས་བྱས་པ་ལས་བྱུང་བའི་ཕུལ་བྱུང་གི་གཅེས་ནོར་ཡིན་པ་རེད། གསུང་འབུམ་དེ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་དང་བོད་ལྗོངས་གཙང་བཀྲ་ཤིས་ལྷུན་པོ་དགོན་པ་གཉིས་ཀྱིས་ལོ་ངོ་ལྔ་རིང་རྩོམ་སྒྲིག་དང་ཞིབ་དག་བྱས་ཤིང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་མཛོད་ཆེན་མོ་གཞུང་ལས་ཁང་གིས་ཞིབ་བཤེར་གཏན་འབེབས་བྱས་མཐར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་པ་རེད།
     རྒྱུས་ལོན་པ་ལྟར་ན། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》ནི2011ལོར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཀྱི”ལྔ་བཅུ་གཉིས་པའི”རིག་གནས་གཙོ་གནད་བཟོ་སྐྲུན་ཞིག་ཡིན་ལ། ད་སྐབས་ལེགས་གྲུབ་བྱུང་བའི་ལས་གཞིར་གསུང་འབུམ་སྣ36དང་། པོད1000ལྷག་ཡོད་པ་རེད། མིག་སྔར། དག་སྒྲིག་དཔར་སྐྲུན་བྱས་ཟིན་པ་ལ《ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ》པོད30དང་། 《མར་བ། མི་ལ་རས་པ། དྭགས་པོ་ལྷ་རྗེ་ཡི་གསུང་འབུམ》པོད12། 《རྗེ་ཙོང་ཁ་བའི་གསུང་འབུམ》པོད18། 《རྒྱལ་ཚབ་རྗེ་ཡི་གསུང་འབུམ》པོད8། 《མཁས་གྲུབ་རྗེའི་གསུང་འབུམ》པོད12། 《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ》པོད39བཅས་བསྡོམས་པས་པོད119ལྷག་དཔར་སྐྲུན་འགྲེམ་སྤེལ་བྱས་ཟིན། མི་འགྱངས་བར་ད་དུང《ཀློང་ཆེན་རབ་འབྱམས་པའི་གསུང་འབུམ》དང《ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ》། 《འཇུ་མི་ཕམ་པའི་གསུང་འབུམ》། 《ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ》། 《འཇམ་དབྱངས་མཁྱེན་བརྩེ་དབང་བོའི་གསུམ་འབུམ》སོགས་འགྲེམ་སྤེལ་བྱ་རྒྱུ་རེད།  །(མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...